ཐེ་ཝན་གྱི་འོས་བསྡུ་ལ་ད་ལྟ་ནས་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་བཞིན་པར་ཐེ་ཝན་ཕྱོགས་ནས་དྭོགས་ཟོན་བྱེད་ཀྱི་འདུག

2023.06.21
ཐེ་ཝན་གྱི་འོས་བསྡུ་ལ་ད་ལྟ་ནས་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་བཞིན་པར་ཐེ་ཝན་ཕྱོགས་ནས་དྭོགས་ཟོན་བྱེད་ཀྱི་འདུག ཐེ་པེ་གཙུག་ལག་སློབ་ཆེན་ནང་ཐེ་ཝན་སྲིད་འཛིན་གྱི་སྐུ་པར་མདུན། ༠༦།༢༡།༢༠༢༣
REUTERS

རྒྱ་ནག་གཞུང་གིས་བརྡ་འཕྲིན་སྒྲིག་ཆས་དང་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་ཁག་ལ་ཁྲིམས་འགལ་གྱི་མ་དངུལ་གཏོང་བ་སོགས་ཀྱི་བརྒྱུད་ནས། ཕྱི་ལོ་ ༢༠༢༤ ཕྱི་ཟླ་དང་པོའི་ཐེ་ཝན་གྱི་གནད་འགག་ཆེ་བའི་འོས་བསྡུ་ལ་ཐེ་ཇུས་བྱ་ཐབས་བྱེད་བཞིན་ཡོད་པ་ཐེ་ཝན་གཞུང་གིས་བརྗོད་པ་རོའུ་ཡེ་ཊར་གསར་སྤེལ་ཁང་གིས་ནང་ཁུལ་གྱི་བདེ་འཇགས་སྐོར་གྱི་སྙན་ཞུ་ཚན་པ་གསུམ་ནང་བཀོད་པ་མཐོང་ལུགས་ལུང་འདྲེན་བྱས་འདུག
རྒྱ་ནག་གཞུང་གིས་དམངས་གཙོ་ལྡན་པའི་ཐེ་ཝན་གླིང་ཕྲན་གྱི་གཏམ་བརྗོད་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་ཐེ་ཝན་གཞུང་གིས་ཡང་ཡང་བརྗོད་ཡོད་པ་དང་། ཐེ་ཝན་ཕྱོགས་ནས་ངོ་རྒོལ་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་རེད།
ཐེ་ཝན་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་(Wellington Koo)ཐེ་བའི་ཐེ་ཝན་བདེ་འཇགས་ཐད་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཁ་སྔོན་རྒྱ་ནག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་སོགས་བྱེད་པའི་བརྒྱུད་ནས་ཐེ་ཝན་ནང་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུར་ཐེ་ཇུས་བྱེད་ཐབས་བྱེད་བཞིན་པ་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་དང་མཁོ་གཏོང་ཇི་ལྟར་བྱེད་ཡོད་བཞིན་ཡོད་པའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་གསལ་ཁ་བཏོན་མེད་པ་རེད།
རོའུ་ཡེ་ཊར་གསར་ཁང་གིས་མཐོང་བའི་གསང་བའི་ཡིག་ཆ་ཞིག་གི་ནང་། ཐེ་ཝན་གྱི་བདག་དབང་རྒྱ་ནག་ལ་གཏོགས་པར་རྒྱབ་སྐྱོར་ཡོད་པའི་སྲིད་དོན་ཚོགས་པ་ཆུང་ངུ་དང་། ས་གནས་གྲོས་ཚོགས་འཐུས་མི། རྒྱ་ནག་དང་འབྲེལ་བ་ཡོད་པའི་དགོན་པ་བཅས་ལ་ལྟ་ཞིབ་བྱེད་སའི་མིང་ཐོའི་ནང་བཀོད་ཡོད་འདུག
ཡང་སྙན་ཐོ་གཞན་ཞིག་ཏུ་རྒྱ་ནག་གཞུང་གིས་འོས་ཤོག་ལ་ཤུགས་རྐྱེན་བཟོ་ཐུབ་པའི་ས་གནས་ཀྱི་སྲིད་དོན་མི་སྣ་དང་། གྲོང་སྡེའི་སྡེ་དཔོན་སོགས་མི་སྣ་བརྒྱ་ཕྲག་མང་པོ་འོས་བསྡུའི་སྔོན་ལ་འགྲོ་གྲོན་མི་དགོས་པའི་ཐོག་ནས་རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་དུ་མགྲོན་འབོད་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎