རྒྱ་གཞུང་གིས་ཐེ་ཝན་དང་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས། ཐེ་ཝན་གྱི་སྲིད་འཛིན།


2020.10.10
རྒྱ་གཞུང་གིས་ཐེ་ཝན་དང་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས། ཐེ་ཝན་གྱི་སྲིད་འཛིན། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚ་ཡེ་དབྱིངས་ཝན་མཆོག་གིས་ཐེ་ཝན་གྱི་རྒྱལ་དོན་ཉི་མོ་སྲུང་བརྩིའི་ཐོག་གསུང་བཤད་གནང་སྐབས།
ཨེ་ཨེཕ་པི།

ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚ་ཡེ་དབྱིངས་ཝན་མཆོག་གིས་ད་རིང་ཐེ་ཝན་གྱི་རྒྱལ་དོན་ཉིན་མོ་སྲུང་བརྩི་གནང་སྐབས་ཞི་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་གཉིས་དབར་མ་མཐུན་པའི་དངངས་ཚབ་ཇེ་ཆེར་འགྲོ་བཞིན་པ་དེ་དག་ཆུང་དུ་གཏོང་དགོས་པ་དང་དེ་སྔ་ཐེ་ཝན་ཐོག་བཙན་དབང་བྱ་རྒྱུ་མིན་པའི་ཁས་ལེན་དམ་བཅའ་བཞག་པ་ཁག་ལ་དམ་འཛིན་གནང་དགོས་པ་མ་ཟད། རྒྱ་གཞུང་གིས་ཐེ་ཝན་དང་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་གནང་འདུག རང་དབང་མང་གཙོའི་ལམ་ལུགས་ལྡན་པའི་ཐེ་ཝན་ལ་འདས་པའི་བདུན་ཕྲག་འགའ་ཤས་རིང་རྒྱ་ནག་ངོས་ནས་ཐེ་ཝན་གྱི་མཁའ་ལམ་ཐོག་རྒྱ་ནག་གི་མཁའ་དམག་འཕུར་བསྐྱོད་སོགས་བྱས་ཏེ་ཐེ་ཝན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་དེ་ནི་ཨ་མེ་རི་ཀ་དང་ཐེ་ཝན་གཉིས་མཉམ་འབྲེལ་བྱས་པ་དེར་ཡ་ལན་སློག་པ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག  ད་རིང་གཟའ་སྤེན་པའི་ཉིན་ཐེ་ཝན་གྱི་རྒྱལ་དོན་ཉི་མོ་སྲུང་བརྩིའི་སྐབས་སུ་སྲིད་འཛིན་ལྕམ་ཚེ་ཡེ་དབྱིངས་ཝན་མཆོག་གིས་ཐེ་ཝན་གྱི་མཚོ་ཁའི་ཁུལ་ལ་གནས་སྟངས་དངངས་ཚབ་གང་མཚམས་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་དེའི་མཉམ་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྩོད་རྙོག་ཡོད་པའི་གནད་དོན་ཁག་དང་རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཐད་འཐབ་རྩོད་ཀྱི་རྩོད་རྙོག་ཡོད་པ། རྒྱ་གཞུང་གིས་ཧོང་ཀོང་ཐོག་དྲག་གནོན་བྱེད་བཞིན་པ་དེ་དག་གིས་མངའ་ཁུལ་དེའི་ནང་མང་གཙོའི་ལམ་ལུགས་དང་ཞི་བདེར་ཉེན་ཁ་ཡོད་སྐོར་གསུངས་འདུག ཡང་ཁོང་གིས་གལ་ཏེ་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བསམ་ཚུལ་ཁག་ལ་དོ་སྣང་བྱེད་འདོད་དང་མཉམ་འབྲེལ་སྒོ་ནས་ཞི་སྒྲིག་དང་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་ཚེ་མངའ་ཁུལ་དེའི་ནང་གི་ཞེད་སྣང་དངངས་ཚབ་ངེས་པར་དུ་སེལ་རྒྱུ་ཡིན་སྐོར་དང་གལ་ཏེ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཐེ་ཝན་རང་གི་དགྲ་རུ་འཛིན་པའི་འདུ་ཤེས་དེ་འདོར་འདོད་དང་མཚོ་ཁ་ཕན་ཚུན་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་འདོད་ཡོད་པ་དང་དུས་མཚུངས་ཕན་ཚུན་འདྲ་མཉམ་དང་ཆེ་མཐོང་རྒྱུན་ཁྱོངས་བྱེད་འདོད་ཡོད་ཚེ་ཐེ་ཝན་ངོས་ནས་དོན་ཕན་ལྡན་པའི་གྲོས་མོལ་གནང་རྒྱུའི་མཐུན་རྐྱེན་སྦྱར་རྒྱུ་ཡིན་ལུགས་གསུངས་འདུག ཡང་ཁོང་གིས་ཐེ་ཝན་གྱི་མཚོ་ཁའི་ཁུལ་དུ་བརྟན་ལྷིང་ཡོང་རྒྱུར་ཆོད་སེམས་བརྟན་པོ་ཡོད་རུང་ལས་འགན་དེ་ཐེ་ཝན་དང་རྒྱ་ནག་གཉིས་ཀར་ཡོད་ལུགས་ཀྱང་གསུངས་འདུག  ཡིན་ནའི་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་གྱི་གཏམ་བཤད་དེར་འཕྲལ་དུ་ཡ་ལན་གང་ཡང་སློག་མིན་འདུག་ལ་ཕྱི་ལོ་༢༠༡༦་ལོར་ལྕམ་ཚ་ཡེ་དབྱིངས་ཝན་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་དང་འབྲེལ་ཐག་ཀྱང་བཅད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎