ལྕམ་ཡང་སང་སུ་ཅི་ལ་གཞུང་གི་གོ་གནས་ཐོབ་སྲིད་པ།

ལྕམ་ཡང་སང་སུ་ཅི་མཆོག་གིས་འོས་བསྡུའི་ནང་ཞུགས་ཏེ་འོས་འདེམས་འབྱུང་ཚེ་གཞུང་གི་གོ་གནས་ཐོབ་སྲིད་པའི་གནས་ཚུལ།

2012.01.09
༄༅༎འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ ལྕམ་ ཨང་སན་སུ་ཅི་མཆོག་གིས་ད་ལོའི་ཕྱི་ཟླ་༤པའི་ཁ་སྐོང་འོས་བསྡུའི་འགྲན་རྩོད་ནང་མཉམ་ཞུགས་གནང་སྟེ། གལ་ཏེ་གྲོས་ཚོགས་ནང་འོས་འདེམས་བྱུང་བ་ཡིན་ན། དྲག་པོའི་དམག་མིས་རྒྱབ་སྐྱོར་བྱས་པའི་འབར་མའི་གཞུང་གི་ནང་ལ་ལས་དོན་ཞིག་གི་ཐོག་བསྐོ་བཞག་ཡོང་སྲིད་པ་རེད་ཅེས་འབར་མའི་སྲིད་འཛིན་གྱི་སློབ་སྟོན་པ་ ནེ་ཛིན་ལཊ ཡིས་ཕ་རེན་སི་གསར་ལས་ཁང་ལ་གསུངས་བཞག
དམག་མི་དང་དྲག་པོའི་གཞུང་གིས་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཚོགས་པའི་འཐུས་མི་མང་པོ་ཡོད་པའི་འབར་མའི་གྲོས་ཚོགས་ཀྱི་ཁ་སྐོང་འོས་བསྡུའི་ནང་། ལྕམ་སུ་ཅི་ལ་འོས་ཤོག་ཐོབ་གནང་ཚེ་ཁོང་ལ་འོས་འཚམས་ཀྱི་གོ་གནས་ཤིག་འབུལ་རྒྱུ་དང༌། དེའང་ལྕམ་ སུ་ཅིའི་ཐུགས་འདོད་གཞི་བཟུང་ཁོང་ལ་གཞུང་འབྲེལ་གནས་རིམ་ཞིག་ཕུལ་སྲིད་པ་རེད་ཅེས་དང༌།
ཡང་གལ་ཏེ་ སུ་ཅི་ཡིས་གྲོས་ཚོགས་ནང་ཁྲིམས་བཟོའི་གནད་དོན་ཐད་ཕྱག་ལས་གནང་འདོད་ཡོད་ཚེ། ཁོང་ལ་གྲོས་ཚོགས་ནང་འོས་འཚམས་ཀྱི་ཕྱག་ལས་ཞིག་ཐོབ་སྲིད་པ་རེད་ཅེས་ འབར་མའི་སྲིད་འཛིན་གྱི་སློབ་སྟོན་པ་ ནེ་ཛིན་ལཊ ཡིས་གསུངས་བཞག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎