ཐབས་ཇུས་འཆར་གཞིའི་ལས་དོན་ཐད་སྦྱོང་བརྡར།


2016.01.31
ཐབས་ཇུས་འཆར་གཞིའི་ལས་དོན་ཐད་སྦྱོང་བརྡར། ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་པ་རྣམས་ལ་ཐབས་ཇུས་འཆར་གཞིལི་ལས་དོན་ཐད་སྦྱོང་བརྡར་ཞིག་འགོ་བཙུགས་པ།
བོད་ཀྱི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎དེ་རིང་བཞུགས་སྒར་རྡ་རམ་ས་ལར་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་པ་དང་སྐུ་ཚབ་དོན་གཅོད་རྣམས་ལ་ཐབས་ཇུས་འཆར་གཞིའི་ལས་དོན་ཐད་སྦྱོང་བརྡར་གྱི་ལས་གཞི་ཞིག་འགོ་བཙུགས་གནང་ཡོད་པ་རེད་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ལ་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ཕྱི་དྲིལ་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ་། ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་པ་རྣམས་ལ་སྦྱོང་བརྡར་གྱི་ལས་གཞི་ཞིག་དབུ་འབྱེད་གནང་བ་དང་། སྦྱོང་བརྡར་དེ་ནི་དེ་རིང་ཕྱི་ཟླ་དང་པོའི་ཚེས་༣༡ ནས་ཕྱི་ཟླ་གཉིས་པའི་ཚེས་༢ བར་ཉིན་གསུམ་རིང་ཚོགས་རྒྱུ་ཡིན་ལུགས་དང་། དེ་རིང་སྦྱོང་བརྡར་དབུ་བཙུགས་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་། ཕུགས་ཀྱི་དམིགས་ཡུལ་གྲུབ་ཐབས་ཀྱི་ཆེད་དུ་དམིགས་པའི་ཐབས་ཇུས་ཀྱི་འཆར་གཞིའི་ལས་དོན་ནི་ཇི་ཙམ་གལ་འགངས་ཆེན་པོ་ཡིན་པའི་སྐོར་སོགས་གཏམ་བཤད་གནང་ཡོད་པའི་སྐོར་བཀོད་ཡོད་པ་རེད་།ད་རེས་ཀྱི་སྦྱོང་བརྡར་ལས་རིམ་དེའི་ནང་ལ་། Australia དང། ཉི་ཧོང་། བལ་ཡུལ་།རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་ནང་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ་དང་། དེ་མིན་འཕགས་བོད་འབྲེལ་ལམ་ལས་ཁུངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁང་གི་ཁོར་ཡུག་ལས་དོན་ཚན་པའི་ལས་བྱེད་སོགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད་།།
གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎