གསར་འགྱུར་ཡིག་ཚགས།
2021-09-30
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཙུགས་ནས་ལོ་ ༢༥ འཁོར་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། གནས་ཚུལ་འགྲོ་འོང་གི་རང་དབང་མེད་པའི་ས་ཁུལ་ཁག་ནང་གནས་ཚུལ་སྤེལ་ཐབས་ཀྱི་ལས་དོན་གཉེར་བཞིན་པར་བསྔགས་བརྗོད་ཡོད་པ་བཀའ་གནང་འདུག
2021-09-30
བོད་མིའི་སྒྲིག་འཛུགས་ངོས་ནས་གསར་འགོད་རང་དབང་ཐོག་ལ་མཐུན་འགྱུར་གང་ཡོང་གནང་རྒྱུ་ཡིན་པ་དམིགས་བསལ་འཚམས་འཕྲིན་གནང་པའི་ནང་གསུངས་ཡོད་པ་རེད།
2021-09-30
རྫ་ཆུ་ཁ་དབོན་པོ་དགོན་གྲོང་གཉིས་ནས་སྔ་རྗེས་བོད་མི་སྐྱ་སེར་༡༡༧འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་དགེ་འདུན་པ་གསུམ་མ་གཏོགས་གཞན་བོད་མི་སྐྱ་སེར་༡༡༤ཚང་མ་གློད་གྲོལ་བཏང་ཡོད་པ་རེད།
2021-09-30
འདི་ཚེས་༢༩ ཉིན་གྱི་ཕྱེད་ཡོལ་ནང་མོལ་ཚོགས་འདུའི་སྐུ་ཚབ་གསུམ་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཆེད་བཅར་ཀྱིས་མཚན་འཁོད་སྙན་ཞུ་སྒྲོན་འབུལ་ཞུས་ཟིན་ཡོད་འདུག
2021-09-29
སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་བའི་བར་དཀའ་རྙོག་སེལ་ཐབས་སླད་ཉིན་གཉིས་དང་ཕྱེད་ཀའི་རིང་ནང་མོལ་ཚོགས་འདུ་ཚོགས་ཡོད་ཀྱང་ཐག་གཅོད་མ་བྱུང་བར་མུ་མཐུད་དུ་གནས་ཡོད་འདུག
2021-09-29
རྒྱལ་སྤྱིའི་ཁྲིམས་དང་ལྷག་པར་དུ་མི་རིགས་རང་དབང་གི་ཁྲིམས་ཀྱི་གནད་དོན་ཐད་ཀྱི་མཁས་པ་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་སྐུ་ཞབས་མེ་ཀལ་ཝན་ལགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་ཕྱི་འབྲེལ་མི་སྣ་དང་མཇལ་འཕྲད་དང་མཉམ་བོད་དོན་གླེང་འདུག
2021-09-29
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ངལ་རྩོལ་ཆབ་སྲིད་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐོག་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་འདུག
2021-09-29
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སྤྱི་ཟླ་༩པའི་ཚེས་༢༩ཉིན། བཞུགས་སྒར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྤྱི་ལོ་༢༠༡༠ནས་༢༠བར་གྱི་བོད་ཀྱི་ཁོར་ཡུག་གནས་སྟངས་ཀྱི་ཆེད་རྩོམ་ཕྱོགས་བསྡུས།བོད་མིས་བོད་ཀྱི་ཁོར་ཡུག་ལ་ལྟ་ཚུལ་ཅེས་པ་ཞིག་དང་།
2021-09-28
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་མང་པོས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པའི་དགོས་འདུན་བཏོན་འདུག
2021-09-28
རྒྱ་ནག་གཞུང་གིས་སྨན་བཅོས་ཆེད་མིན་པར་ཕྲུ་གུ་མངལ་ལས་འདོན་རྒྱུ་ཉུང་དུ་གཏོང་རྒྱུའི་ལམ་སྟོན་གསར་པ་ཞིག་ཕྱིར་བསྒྲགས་བྱས་འདུག
2021-09-28
སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་བའི་བར་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་སེལ་ཐབས་སླད་ནང་མོལ་ཚོགས་འདུ་འཚོགས་བཞིན་པ་དེ་འདི་ཚེས་༢༩་ཉིན་རྒྱབ་བར་ཕར་འགྱངས་གནང་འདུག
2021-09-27
བོད་ཀྱི་རྒྱལ་ས་ལྷ་སར་༡༩༨༧་ལོར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་མི་ལོ་སོ་བཞི་སོང་བའི་དགུ་བའི་ཉེར་བདུན་ལ་དྲན་གསོ་དང་མཉམ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།
2021-09-27
རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ཧོང་ཀོང་སོགས་ལ་དམ་དྲག་སྟངས་འཛིན་བྱེད་སྟངས་ལ་གཞིགས་པས་སྔར་བཞིན་མུ་མཐུད་དུ་གདོང་ལེན་བྱེད་རྒྱུ་ཡིན་ཞེས་ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་(Marc Garneau)་གྱིས་གསུངས་འདུག
2021-09-27
ཆབ་སྲིད་བཙོན་པ་ཐབས་མཁས་རྒྱ་མཚོ་ལགས་མི་ལོ་བཅུ་གཉིས་ལྷག་ལ་བཀག་ཉར་བཙོན་འཇུག་བྱས་རྗེས་ཉེ་ལམ་གློད་གྲོལ་བྱུང་འདུག
2021-09-27
ཉིན་གཉིས་རིང་གི་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ད་བར་གྲོས་ཚོགས་ཚོགས་མ་ཐུབ་པའི་དཀའ་ངལ་དང་། ཚོགས་གཙོ་ཚོགས་གཞོན་འོས་འདེམས་མ་ཐུབ་པའི་དཀའ་ངལ་སོགས་ཀྱི་ཐད་གྲོས་བསྡུར་གནང་རྒྱུ་ཡིན་འདུག