གསར་འགྱུར་ཡིག་ཚགས།
2022-06-30
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་དང་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་༨༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག
2022-06-30
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཟའ་ཕུར་བུའི་ཉིན་ཧོང་ཀོང་ནང་འབྱོར་ནས་ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་བྱེད་ཀྱི་ཡོད་འདུག
2022-06-30
དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་བོད་མི་ཚོ་ནང་ཁུལ་འཆམ་མཐུན་དང་རྡོག་རྩ་གཅིག་སྒྲིལ་གནང་གལ་ཆེ་བ་དང་སྐུ་ཉིད་ཕྱིར་རྒྱ་གར་དུ་ཕེབས་རྒྱུའི་ཐུགས་འདོད་ཡོད་ཅེས་འཁྲུངས་སྐར་ཉིན་བཀའ་གནང་འདུག
2022-06-29
བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་དང་རང་ལུས་མེར་བསྲེག་སོགས་དང་འབྲེལ་བའི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་ནང་མི་གཉེན་ཉེ་ཚོ་རྒྱ་ནག་གཞུང་གིས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་སྤྲོད་མ་བཅུག་པ་དང་རོགས་དངུལ་སོགས་བཅད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
2022-06-29
རྒྱ་ནག་གཞུང་གིས་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱེད་བཞིན་པ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་ཅེས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པ་ཚོས་རྒྱ་ནག་ལ་ནན་སྐུལ་གནང་ཡོད་འདུག
2022-06-29
བཞུགས་སྒར་ཕོ་བྲང་དུ་ཕྱི་ཟླ་༦པའི་ཚེས་༢༩ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ། དཔལ་གོ་ཏ་མ་གཞོན་ནུ་དོན་འགྲུབ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་གློག་བརྙན་འཁྲབ་སྟོན་པ་དང་། སངས་རྒྱས་པའི་ཆོས་ལ་གསར་དུ་ཞུགས་པ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་Gagan Malikནས་མཇལ་ཁ་ཞུས་པ།
2022-06-29
ཁོ་མོའི་ཁྱིམ་དུ་མཆོད་ཁང་ཆེན་པོ་ཞིག་བཟོ་སྐྲུན་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་སྐུ་པར་ཡོད་སྐོར་བརྗོད་ནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་དེ་སྔ་ནས་ཉེན་བརྡ་བཏང་ཡོད་ཚུལ་ཞིག་བཤད་རྒྱུ་ཡོད་འདུག
2022-06-28
རྒྱ་གར་མེང་ལོར་དུ་མཐོ་སློབ་འགྲིམས་བཞིན་པའི་བོད་རིགས་སློབ་མ་ཚོས་མཉམ་དུ་ཐེངས་དང་པོར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
2022-06-28
རྒྱ་ནག་གཞུང་གིས་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ཁོར་ཡུག་སྲུང་སྐྱོབ་ཆེད་ཡིན་ཚུལ་བརྗོད་དེ་ནག་ཆུ་ས་ཁུལ་གྱི་འབྲོག་པ་མི་གྲངས་ཆིག་ཁྲི་བདུན་སྟོང་ལྷག་ས་གནས་གཞན་དུ་གནས་སྤོ་བྱེད་དུ་འཇུག་བཞིན་ཡོད་འདུག
2022-06-28
ཡུལ་ཤུལ་ཁུལ་དུ་རྒྱ་ནག་གི་མཐོ་རྒྱུགས་ཁྲོད་ཞུགས་མཁན་བོད་རིགས་སློབ་མ་ཚོར་ཡིག་རྒྱུགས་ཀྱི་ལན་ངེས་པར་དུ་རྒྱ་ཡིག་ནང་འབྲི་བཅུག་པས་ཡིག་ཚད་མ་འཕྲོད་མཁན་མང་པོ་བྱུང་ཡོད་འདུག
2022-06-27
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ནེའུ་ཡོག་ཏུ་ཕེབས་ནས་བོད་མི་རྣམས་ལ་ཆིག་སྒྲིལ་དང་སྒོ་གསུམ་གྱི་སྤྱོད་པ་དེ་བོད་སྤྱི་བའི་རྩ་དོན་ལ་ཕན་ཐབས་གནང་དགོས་བ་སོགས་ཀྱི་གསུང་བཤད་གནང་འདུག
2022-06-27
རྒྱ་ནག་གཞུང་གིས་དེང་སྐབས་བོད་མི་ཚོའི་ལུས་སེམས་གཉིས་ལ་མནར་གཅོད་དང་བསུན་གཙེར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོས་འཛམ་གླིང་མནར་གཅོད་འགོག་པའི་ཉིན་མོར་གསུངས་བྱུང་།
2022-06-27
ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཡིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་སྐབས་༧གོང་ས་མཆོག་གིས་སྐུ་ཉིད་དགུང་ལོ་བརྒྱ་ལྷག་ལ་བཞུགས་ཐུབ་ངེས་ཡིན་པའི་བཀའ་སྩལ་འདུག
2022-06-27
ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་ལ་ཁྲིམས་ཐག་གཅོད་སྐབས་ངན་པར་ལག་འབྲེལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་སྐོར་བརྗོད་ཡོད་པ་དང་། ཁོང་གི་ནང་མི་ཚོས་ད་ལྟའི་ཆར་ཉི་མ་ལགས་བཙོན་ཁང་གང་དུ་ཁྲིད་ཡོད་སོགས་ཤེས་རྟོགས་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
2022-06-25
དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་ཡོད་ཀྱང་ཨང་དང་པོའི་བུམ་པའི་རྟགས་མ་དེ་ད་ལྟའི་ཆར་སྤྲད་མེད་པ་རེད