གསར་འགྱུར་ཡིག་ཚགས།
2024-03-30
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ཟུར་པ་དང་། འགན་འཛིན་གཞོན་པ་ཟུར་པ། དེ་བཞིན་སྤྱི་ཁྱབ་བཀོད་བསྡོམས་པའི་འགན་འཁུར་བཞེས་ཏེ་ལོ་ངོ་ ༢༦ རིང་གསར་འགོད་གྱི་ལས་འགན་སྣ་ཚོགས་ཐོག་ནས་ཞབས་ཞུ་གནང་མྱོང་བའི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གསར་འགོད་པ་བགྲེས་གྲས་འབེན་པ་སྟོབས་རྒྱལ་ལགས་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་དགུང་གྲངས་ ༧༤ ཐོག་དགོངས་པ་རྫོགས་འདུག
2024-03-30
བོད་དོན་ཐོག་རྒྱ་ནག་ལ་འཛེམས་ཟོན་མེད་པར་རྒྱབ་སྐྱོར་གནང་མཁན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ Jan Lipavsky མཆོག་གིས་རྒྱ་ནག་གིས་དྲྭ་ཐོག་ནས་སིམ་འཛུལ་གྱིས་གསོ་ཉུལ་བྱེད་ཀྱི་ཡོད་པ་བརྗོད་འདུག
2024-03-30
ཨ་རིའི་གཞུང་གི་ངོས་ནས་བོད་མིར་རོགས་སྐྱོར་གྱི་ལས་གཞིའི་དངུལ་རྩིས་ནས་བོད་རྒྱ་ནག་གི་ཆ་ཤས་སུ་བཀོད་པའི་ས་ཁྲ་དང་ཡིག་ཆ་རིགས་ལ་འགྲོ་སོང་གཏོང་རྒྱུ་མིན་པ་ཁྲིམས་ཡིག་ནང་བཀོད་ཡོད་པ་གསལ་སྟོན་བྱས་འདུག
2024-03-29
༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་འཇོ་ལི་བྷར་མན་དགོངས་པ་རྫོགས་པར་ཁོང་ནི་སྐུ་ཚེ་ཧྲིལ་པོ་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་མཛད་རྗེས་ཅན་ཞིག་ཡིན་པ་སོགས་ཐུགས་གསོ་མཛད་འདུག
2024-03-29
ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་༢༣་པ་གཏན་འབེབས་དང་ལག་བསྟར་བྱས་རྐྱེན་ཧོང་ཀོང་ནང་གི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུ་ཡིན་པ་རེད།
2024-03-29
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་སྒང་ཏོག་ཏུ་གསར་བཞེངས་ལེགས་འགྲུབ་བྱུང་བའི་དཔལ་ས་ངོར་ཆོས་ཚོགས་ཀྱི་ཚོགས་ཆེན་གཙུག་ལག་ཁང་དབུ་འབྱེད་གནང་སོང་།
2024-03-29
གྲོས་ཚོགས་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཙུགས་ནས་ནང་སྲིད་ཀྱི་ཟུར་བཀོལ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྡེ་ཚན་གཅིག་ལ་ཆག་ཡངས་མ་གཏོགས། བཀའ་ཤག་གིས་ཐོག་མའི་རྒྱབ་གཉེར་གང་གནང་བ་དེར་གཏན་འབེབས་གནང་ཐུབ་པ་ཡོད་ཅེས་གསལ་སྟོན་གནང་གི་འདུག
2024-03-28
བཙན་བྱོལ་བོད་མིའི་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་གསར་བཟོ་མ་ཐུབ་པ་རྣམས་ལ་བརྒྱ་ཆ་༩༠ཆག་ཡང་བཏང་བ་དེ་འདི་ལོའི་ཕྱི་ཟླ་དགུ་བ་བར་ཕར་འགྱངས་གྲོས་ཚོགས་ནང་གཏན་འབེབས་གནང་སོང་།
2024-03-28
རྒྱ་ནག་གཞུང་གིས་(Maldives)་གླིང་ཕྲན་རྒྱལ་ཁབ་ནང་གི་འཐུང་ཆུའི་དཀའ་ངལ་སེལ་ཐབས་ཆེད་བོད་ཀྱི་འཁྱག་རོམ་གྱི་ཆུ་ཏུན་ཆིག་སྟོང་ལྔ་བརྒྱ་ཞལ་འདེབས་རོགས་རམ་སྤྲད་འདུག
2024-03-28
ཨ་རི་དང་འཇར་མན་བཅས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་རྡ་རམ་སཱ་ལར་ཕེབས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་བ་དང་བོད་མིའི་སྒྲིག་འཛུགས་ལ་འཚམས་གཟིགས་གནང་འདུག
2024-03-27
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་ཧིན་རྡུའི་སློབ་དཔོན་(Swami Smarananda Maharaj)་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ནས་དམ་པ་ཁོང་གི་རྗེས་འཇུག་པ་ཡོངས་ལ་སེམས་གསོ་ཞུས་གནང་མཛད་འདུག
2024-03-27
ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་(Elmhurst)་ས་གནས་སུ་ཉེ་ལམ་ཕྱི་ལོ་གསར་ཚེས་ཉིན་རང་ལོ་༢༩་ཡིན་པའི་ཚེ་རིང་དབང་འདུས་ལགས་ལ་གྲི་བཙུགས་ནས་གསོད་མཁན་དེ་(Torrence Holmes)་ཡིན་པའི་ནག་ཉེས་བཙུགས་འདུག
2024-03-27
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ཚིག་བརྗོད་རྙིང་པ་རང་འཇགས་ཀྱི་ཐོག་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ་ཞེས་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་གནང་ཡོད་ཀྱང་ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་མར་ཟགས་འདུག
2024-03-27
ཉེན་རྟོག་པས་ཉེས་མེད་བཀག་ཉར་དང་བཅར་རྡུང་བྱས་པར་ཁྲིམས་གཏུག་བྱེད་བཞིན་ཡོད་པ།
2024-03-26
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(John Moolenaar)་ལགས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག་གནང་འདུག