གསར་འགྱུར་ཡིག་ཚགས།
2023-12-25
ཀན་སུའུ་ནང་ས་ཡོམ་འགུལ་ཚད་༦་དང་གྲངས་ཆུང་༢་བརྒྱབ་སྟེ་བདུན་ཕྲག་གཅིག་ཕྱིན་པའི་རྗེས་སུ་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་འབོར་ཀན་སུའུ་དང་མཚོ་སྔོན་གཉིས་ཀ་ནས་༡༤༩་བར་འཕར་ཡོད་པ་དང་མི་གཉིས་ད་དུང་ཡང་གར་སོང་ཆ་མེད་དུ་འགྱུར་འདུག
2023-12-25
སངས་རྒྱས་ཀྱི་ཆོས་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཉམས་ལེན་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་གནང་ཐུབ་པ་དགོས་ཞེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་པའི་ཚོགས་ཆུང་ལ་མཇལ་ཁ་གནང་སྐབས་བཀའ་སློབ་བསྩལ་ཡོད་པ།
2023-12-25
མགོན་པོ་གང་ཉིད་ཀྱི་ཕྱོགས་ནས་དངོས་ཡོད་བསྟན་པའི་ཞབས་འདེགས་ཡིན་དགོངས་ཏེ་གཞན་དང་མི་འདྲ་བའི་ཐུགས་ཚོར་འབྱུང་གི་ཡོད་པའི་བཀའ་སློབ་བསྩལ་བ།
2023-12-23
བཅོམ་ལྡན་འདས་ལ་དད་པ་བྱེད་པ་ཙམ་གྱིས་མི་ཆོག་པར་གཙོ་བོ་རྒྱལ་བའི་བཀའ་བསྟན་རྣམས་ལ་སློབ་སྦྱོང་གིས་བསམ་བློ་གཏང་ན་སེམས་འགུལ་འཐེབ་རྒྱུ་ཡིན་པ་བཀའ་བསྩལ་བ།
2023-12-22
དེ་བཞིན་ཨ་མི་རི་ཀས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་འགྲོ་བཞིན་པར་དུས་རྟག་ཏུ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའང་གསུངས་འདུག
2023-12-22
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་མུ་འཐུད་སྤེལ་རྒྱུ་ཡིན་པ་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་མཇུག་བསྒྲིལ་གྱི་གྲོས་ཆོད་གཏན་འབེབས་གནང་བའི་བཀོད་འདུག
2023-12-22
ཁོང་གཉིས་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ལྷ་ས་ནས་སྡོད་མི་བཅུག་པར་བླ་བྲང་དུ་ཕྱིར་ཕུད་གཏོང་རྒྱུའི་ཉེན་ཁ་ཞིག་ཡོང་གི་ཡོད་པའི་འཇིགས་སྣང་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
2023-12-21
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གོད་ཆག་བྱུང་ཡུལ་མི་མང་ལ་གདུང་སེམས་མཉམ་བསྐྱེད་གནང་པ་དང་འདས་པོ་རྣམས་ལ་བསྔོ་སྨོན་ཞུས་འདུག
2023-12-21
མཇུག་སྐྱོང་ཚོགས་དུས་དེ་བཞིན་ ༢༠༢༤ ལོའི་ཕྱི་ཟླ་ ༣ པའི་ནང་འཕར་འགྱངས་བྱས་ཡོད་པ་ཚོགས་དྲུང་ལས་ཁུངས་ནས་འདི་ཚེས་ ༢༡ ཉིན་སྤྱི་འཐུས་རྣམ་པར་ཚོགས་བརྡ་བཏང་འདུག
2023-12-21
༸གོང་ས་མཆོག་ནི་འཛམ་གླིང་གི་ཞི་བདེའི་དེད་དཔོན་སྟེ་ཡུལ་གྲུ་གང་སར་གུས་བརྩི་ཆེན་པོ་གནང་ས་ཞིག་ཡིན།
2023-12-21
ད་ལྟའི་ཆར་རྒྱ་ནག་གཞུང་གིས་སྐུ་ཕུང་མཇལ་ཁ་སོགས་ལ་མི་མང་ཕོན་ཆེན་འདུ་འཛོམས་མི་ཆོག་སྐོར་བརྗོད་ནས་དགོན་གྲོང་གཉིས་སུ་ལྟ་རྟོགས་དོ་ནན་བྱེད་བཞིན་ཡོད་པ།
2023-12-20
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྟེ་གནས་Brussels བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུ་ཞུས་བ་དང་སྦྲགས་ཡོ་རོབ་གྲོས་ཚོགས་ལ་བོད་དོན་ཐད་ཐུགས་འཁུར་ཆེ་བཞེས་གནང་པར་ཐུགས་རྗེ་ཆེ་ཞུས་གནང་འདུག
2023-12-20
ཚོགས་དྲུང་ལས་ཁུངས་ནས། དེ་སྔོན་སྤྱི་ཟླ་༩པའི་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་གི་ཚོགས་དུས་དེ་བཞིན་༢༠༢༣ ལོའི་སྤྱི་ཟླ་༡༢ ཚེས་༢༥ ནས་༢༩ བར་ཚོགས་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་ཀྱང་། ད་བར་སྤྱི་འཐུས་༡༧ཡིས་མཇུག་སྐྱོང་ཚོགས་དུས་དེར་བཅར་མི་ཐུབ་པའི་དགོངས་ཤོག་ཕུལ་འདུག་པ་མ་ཟད། རིང་མིན་དགོངས་ཤོག་ཕུལ་མཁན་ཁ་གྲངས་དེ་ལས་མང་བ་ཡོང་སྲིད་པ་ཚོད་དཔག་གནང་གི་འདུག
2023-12-20
རབ་ཏུ་བྱུང་བ་རྣམས་ཀྱིས་རྟགས་ཆ་ལུགས་བརྗེས་པ་ཙམ་གྱིས་མི་ཆོག་པར། གཙོ་ཆེ་ཤོས་སོ་སོའི་བསམ་བློ་ལ་འགྱུར་བ་གཏོང་དགོས་པའི་ལམ་སྟོན་བསྩལ་བ།
2023-12-19
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པར་མཇལ་ཁ་བཀའ་སློབ་དང་ཕྱི་ཚེས་༢༠ཉིན་གླེང་སྟེགས་དབུ་འབྱེད་མཛད་རྒྱུ་ཡིན་འདུག