༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་དབུ་འབྱེད་མཛད་རྒྱུ།

2023.12.19
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་དབུ་འབྱེད་མཛད་རྒྱུ། འདི་ཚེས་༡༩ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པར་རྡོ་རྗེ་གདན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་དུ་མཇལ་ཁ་དང་བཀའ་སློབ་བསྩལ་བ།
དགའ་ལྡན་ཕོ་བྲང་།

Sangha3.jpg

ཟླ་བ་འདིའི་ཕྱི་ཚེས་༢༠་ནས་དབུ་བཙུགས་ཀྱིས་ཉིན་གསུམ་གྱི་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས། དེ་བཞིན་སིང་ག་པོར་བོད་ཀྱི་རིག་གཞུང་ཚོགས་པ་གཙོས་པས་རྒྱལ་ཁབ་འདྲ་མིན་ཁག་གི་ནང་པའི་ཚོགས་སྡེ་ཁག་ཐུན་མོང་གི་གོ་སྒྲིག་འོག སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ནང་པའི་ཆོས་རྒྱུད་འཛིན་མཁན་ཕན་ཚུན་འབྲེལ་མཐུད་གནང་སྟེ་ཐུན་མོང་གི་གླེང་སྟེགས་ཐོག་ནས་དུས་བསྟུན་མཉམ་ལས་བྱ་ཆེད། རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་གོ་སྒྲིག་ཞུས་པ་ཞིག་ཡིན་པའི་སྐོར་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་གྱི་ཁོངས་སུ་ཡོད་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། ད་ལན་ཉིན་གསུམ་གྱི་ལྷན་ཚོགས་ཀྱི་བརྗོད་གཞིའི་ནང་ནང་པ་ཐུན་མོང་དུ་འགྱུར་པའི་གནད་དོན་ཁག་ཅིག་གི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད་འདུག གཞན་ཡང་འདི་ཚེས་༡༩ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པར་རྡོ་རྗེ་གདན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་དུ་མཇལ་ཁ་དང་བཀའ་སློབ་བསྩལ་བའི་ནང་། སངས་རྒྱས་ཀྱི་ཆོས་དང་ཁྱད་པར་དཔལ་ན་ལཎྜའི་ཆོས་རྒྱུད་འཛིན་པའི་ཁོངས་ནས་མགོན་པོ་ཀླུ་སྒྲུབ་ཀྱི་མཚོན་པའི་མཁས་པའི་དབང་པོ་རྣམས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་རྩལ་འདོན་གནང་བ་དང་། ཆོས་རྒྱུད་ཁག་གི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་དེ་སྐྱབས་སུ་འགྲོ་བ་དང་དད་པ་ཙམ་མིན་པར་སེམས་ཞི་བདེ་གནས་ཐབས་དང་སེམས་དཀྲུག་མཁན་ངོ་འཕྲོད་པ་དེ་ནི་ཡག་པོ་ཞིག་ཡིན་པ་དང་། ནང་པའི་ལྟ་གྲུབ་དེ་ནི་ཚན་རིག་དང་མཐུན་པ་ཞིག་དང་ནང་པའི་སངས་རྒྱས་པའི་ཆོས་དེ་དངོས་གནས་ནང་སེམས་ལ་ཞི་བདེ་བསྐྲུན་ཐུབ་པ་ཞིག་དང་རྙིང་རྗེ་རྩ་བ་བྱེད་པས་འགྲོ་བ་ཀུན་ལ་འགན་འཁུར་ཀྱི་བསམ་བློ་ཡོད་པ་ཞིག་ཡིན་ཞེས་བཀའ་བསྩལ་གནང་སོང་། འདི་ཚེས་༢༠ཉིན་ལྷན་ཚོགས་དེ་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ཤྲི་ལིངྐ་རྒྱལ་ཁབ་ཀྱི་ནང་པའི་དབུ་འཁྲིད་དང་བྷང་ལ་དེཤ་ནང་པའི་དགེ་འདུན་པའི་དབུ་འཁྲིད་གཙོས་པའི་ནང་པའི་རྒྱལ་ཁབ་ཁག་གི་དགེ་འདུན་པ་དང་སློབ་གཉེར་ཁང་ཁག་གི་བླ་ཆེན་དང་མཁན་པོ་ལ་སོགས་པས་བཀའ་སློབ་གནང་རྒྱུ་ཡིན་ཞིང་། ལྷན་ཚོགས་དེའི་ནང་རྒྱལ་ཁབ་གྲངས་༣༣་ནས་དགེ་འདུན་པ་དང་གདན་ཞུའི་མི་སྣ་གྲངས་༢༠༠༠་ལྷན་བཞུགས་གནང་གི་ཡོད་པ་དང་། ལྷན་ཚོགས་ཀྱི་ཉིན་མཐའ་མ་སྟེ་ཕྱི་ཚེས་༢༣་ཉིན་གྱི་ཞོགས་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱི་ཚོགས་ཆེན་གྱི་སྐུ་ཚབ་རྣམ་པའི་ལྷན་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་གསུང་འདོན་གནང་རྒྱུའི་མཛད་རིམ་ཡོད་པ་རེད་འདུག།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎