༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་མུ་འཐུད་སྤེལ་རྒྱུ་ཡིན་པ་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་གྲོས་ཆོད་གཏན་འབེབས་ནང་བཀོད་འདུག

2023.12.22
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་མུ་འཐུད་སྤེལ་རྒྱུ་ཡིན་པ་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་གྲོས་ཆོད་གཏན་འབེབས་ནང་བཀོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགོངས་གཞི་ལྟར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་མུ་འཐུད་སྤེལ་རྒྱུ་ཡིན་པ་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་མཇུག་བསྒྲིལ་གྱི་གྲོས་ཆོད་གཏན་འབེབས་གནང་བའི་བཀོད་འདུག
དགའ་ལྡན་ཕོ་བྲང་།

HH Sangha3.jpg

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ནང་བསྟན་ཆོས་བརྒྱུད་ཀྱི་ལུགས་མི་འདྲ་བའི་དགེ་འདུན་པའི་དབར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་དང་། ཤེས་ཡོན་དང་ཉམས་ལེན་བརྗེ་ལེན་གྱི་ལས་འགུལ་མུ་འཐུད་སྤེལ་རྒྱུ་དང་། ཐོུང་གི་ངོ་བོ་མཚོན་པའི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་གྱི་ཐོག་ནས་འཛམ་གླིང་ནང་ཞི་བདེ་སྤེལ་ཐབས་གནང་རྒྱུ་ཡིན་པ་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་མཇུག་བསྒྲིལ་གྱི་གྲོས་ཆོད་གཏན་འབེབས་གནང་པའི་ནང་བཀོད་འདུག

unnamed.jpg


རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་ཀྱི་ཚོགས་འདུ་འདི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ ཚེས་ ༢༠ ནས་ ༢༢ བར་བསྐོང་འཚོགས་གནང་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུ་དབུ་འབྱེད་བསྐྱངས་པ་དང་། དགེ་འདུན་པ་རྣམ་པས་ངུར་མིག་གི་གོས་གྱོན་པ་ཙམ་མིན་པར་སངས་རྒྱས་ཀྱིས་གསུངས་པའི་བསླབ་བྱ་ཁག་ཉམས་ལེན་ཚུལ་བཞིན་དགོས་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་ཕེབས་ཡོད་པ་རེད།

HH Sangha 2.jpg
ཕྱི་ཚེས་ ༢༢ ཉིན་ཚོགས་འདུའི་མཇུག་བསྒྲིལ་གྱི་གྲོས་ཆོད་ནང་། ཚོགས་བཅར་བ་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་སངས་རྒྱས་པའི་ངོས་ནས་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་ཐབས་ལ་དམིགས་ཏེ་ནང་པའི་ཆོས་བརྒྱུད་འཛིན་པའི་སྤྱི་ཚོགས་མི་འདྲ་བའི་དབར་བགྲོ་གླེང་སྦྱང་བཤད་འབྱུང་ཐབས་ཀྱི་ལམ་སྟོན་དང་བློ་སྤོབས་སྩོལ་གནང་མཛད་པར་བཀྲིན་ཆེ་ཆེར་ཞུ་བཞིན་ཡོད་པ་བཀོད་འདུག་ལ། དམིགས་བསལ་འཛམ་གླིང་སྤྱི་དང་བྱེ་བྲག་ཡུལ་ལུང་སོ་སོར་འཕྲད་བཞིན་པའི་རང་བྱུང་ཁོར་ཡུག་ཉམས་ཆག་གི་དབང་གིས་གོད་ཆག་ལས་བྱུང་བའི་དཀའ་ངལ་དང་། སྤྱི་ཚོགས་ཆ་སྙོམས་མེད་པ། འཁྲུགས་རྩོད། དམག་འཐབ་ལ་སོགས་པའི་རྐྱེན་གྱིས་ལུས་སེམས་གཉིས་ལ་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་པ་དེ་དག་ནང་ཆོས་ནས་གསུང་པའི་ཤེས་རབ་དང་སྙིང་རྗེའི་བསླབ་བྱ་ཁག་ཁྱབ་སྤེལ་གྱི་ཐོག་ནས་སེལ་ཐབས་བྱེད་དགོས་པ་ནན་བརྗོད་བྱས་འདུག

2023-12-20Bodhgaya-G-11_SA18535.jpg

གྲོས་ཆོད་ནང་ད་དུང་། སྐྱ་སེར་དང་རིག་གཞུང་། ས་ཁུལ་སོགས་ཀྱི་རྒྱབ་ལྗོངས་ཀྱི་དབྱེ་བ་མེད་པའི་ཐོག་ནས་ནང་པའི་ཆོས་བརྒྱུད་འཛིན་པ་ཕན་ཚུན་དབྱེ་འབྱེད་མི་བྱེད་པར་མཉམ་འདུས་དང་ཕན་ཚུན་གུས་བརྩི་ཆེ་མཐོང་བསྐྲུན་རྒྱུ་ཡིན་པ་བརྗོད་འདུག་ལ། ནང་པ་ཚོས་དུས་རབས་དང་འཚམས་པའི་ཐོག་ནས་ཚན་སྩལ་རིག་གནས་ཀྱི་ཐོན་གསར་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཐོག་ནང་པའི་གཞུང་ལུགས་ཀྱི་ནང་གསུང་པའི་བསླབ་བྱ་ཁག་གི་ཐོག་ནས་དེང་དུས་ཀྱི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་བཀོད་འདུག
ལྷག་པར་ནང་པ་ཚོས་སངས་རྒྱས་ཀྱིས་གསུངས་པའི་ཚད་མེད་བཞི་སྟེ། བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད། དགའ་བ་ཚད་མེད་དང་བཏང་སྙོམས་ཚད་མེད་ཀྱི་བསླབ་བྱའི་ཉམས་ལེན་གྱི་ཐོག་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཞི་བདེ་དང་འཆམ་མཐུན་སྤེལ་ཐབས་བྱེད་རྒྱུ་ནི་ནང་པ་ཚོའི་ལས་འགན་ཡིན་པར་ངོས་འཛིན་བརྟན་པོ་ཡོད་པ་བརྗོད་འདུག
ཐེངས་འདིའི་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་ཐོག་རྒྱ་ནག་མ་གཏོགས་ནང་པའི་ཡུལ་གྲུ་གཞན་ཡོངས་ཀྱི་སྐུ་ཚབ་ཚོགས་བཅར་ཞུས་ཡོད་པ་རེད།
ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་རིན་པའི་ཆེའི་དྲུང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཞུགས་ཐོག་ནང་པའི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པ་སོགས་མི་གྲངས་ ༢༠༠༠ མཉམ་འདུས་ཀྱི་ཐོག་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་དང་ལྷག་པར་འཛམ་གླིང་འདིའི་སྟེང་ཞི་བདེ་འབྱུང་ཐབས་སུ་སྨོན་ལམ་གསུང་འདོན་གནང་རྒྱུའི་མཛད་འཆར་ཡོད་པ་རེད།།
གསར་འགོད་པ། སྐལ་ལྡན་བློ་གྲོས། པངྨ་དངོས་གྲུབ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎