ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་རྒྱ་ནག་སྐོར་གྱི་དྲ་ངོས་ནས་ནང་དོན་ཁག་ཅིག་བསྐྱར་བཅོས་གནང་འདུག

2025.02.20
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་རྒྱ་ནག་སྐོར་གྱི་དྲ་ངོས་ནས་ནང་དོན་ཁག་ཅིག་བསྐྱར་བཅོས་གནང་འདུག ཨ་རི་དང་རྒྱ་ནག་གི་རྒྱལ་དར།
REUTERS/Illustration

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ནང་གི་རྒྱ་ནག་གི་འབྲེལ་ཡོད་དོན་ཚན་ཁག་ལ་བསྐྱར་བཅོས་བཏང་བའི་འོག་དཔལ་འབྱོར་འབྲེལ་ལམ་གྱི་དོན་ཚན་རྒྱ་ཆེ་རུ་བཏང་སྟེ། གཙོ་བོ་ཨ་རི་དང་རྒྱ་ནག་ཕན་ཚུན་བར་དངོས་ཟོག་ཉོ་ཚོང་དོ་མི་མཉམ་པའི་གནས་སྟངས་ལ་དམིགས་པ་ལས། དེའི་ནང་མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་ལས་བྱེད་རྒྱུ་དང་། རྒྱ་ནག་ལ་རིག་གཞུང་དང་ཁོར་ཡུག་གི་གནད་དོན་ཐོག་ལ་རོགས་རམ་བྱེད་རྒྱུའི་ནང་དོན་དེ་མེད་པ་བཟོས་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་གཉིས་པའི་ཚེས་༡༣ཉིན་འགྱུར་བ་བཏང་བ་དེས་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་(Donald Trump)་ཡི་གཞུང་གསར་པས། ཚོང་དོན་ལས་ལྷག་པའི་གལ་ཆེའི་གནད་དོན་གཞན་ཐོག་དམིགས་ཡོད་པ་མངོན་གསལ་དོད་དུ་བཏང་བ་དང་། གཟའ་འཁོར་སྔོན་མའི་ནང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ཐོག་ཏུ་བཀོད་པའི་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་བརྗོད་ཚིག་དེ་ཡང་ཕྱིར་འཐེན་བྱས་པ་དེས་རྒྱ་ནག་གཞུང་ལ་ཁོང་ཁྲོ་བསླངས་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ཐོག་ལ། རྒྱ་ནག་གི་དཔལ་འབྱོར་ནི་འཛམ་གླིང་ནང་གི་མ་འཇོག་ཐད་ཚད་བཀག་ཆེ་ཤོས་བྱེད་མཁན་གྲས་ཀྱི་གཅིག་ཡིན་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔལ་འབྱོར་འབྲེལ་ལམ་གྱི་ལས་གཞི་རྒྱ་ཆེ་རུ་བཏང་བའི་ནང་གཙོ་བོ་ཨ་རི་དང་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་དོ་མི་མཉམ་པའི་གནས་སྟངས་དང་རྒྱ་ནག་ནང་ཚོང་ལས་ཀྱི་ལས་དོན་གཉེར་མཁན་གྱི་ཨ་རིའི་ཚོང་ལས་ཁང་ཚོར་འཕྲད་བཞིན་པའི་འགྲན་རྩོད་ཀྱི་དཀའ་ངལ་ལ་སེམས་ཁྲལ་ཡོད་པ་གཙོ་བོ་གསལ་སྟོན་བྱས་པའི་དཔལ་འབྱོར་འབྲེལ་མོལ་སྐོར་གྱི་ནང་དོན་རྒྱ་ཆེ་རུ་བཏང་ཡོད་པ་རེད།
ད་དུང་རྒྱ་ནག་གཞུང་གིས་ངལ་རྩོལ་བཙན་དེད་ཀྱི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་ཁ་གསབ་འཕོན་ཆེན་པོ་སྤྲོད་པ་སོགས་ཚུད་པའི་རྒྱ་ནག་གིས་དྲང་བདེན་མིན་པའི་ཚོང་ལས་ཀྱི་བྱ་སྤྱོད་ལག་ལེན་བྱེད་པ་དེ་དག་གིས་ཨ་རིའི་ཚོང་ལས་ལ་གྱོང་གུད་ཐེབས་པ་དང་། ཚོང་ལས་དེ་དག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ནང་མཉམ་ཞུགས་བྱེད་དུ་འཇུག་གི་ཡོད་པའི་སྐོར་སོགས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ཐོག་བཀོད་ཡོད་པ་རེད།།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎