སྤྱི་འཐུས་ཚོགས་གཙོའི་ཡོ་རོབ་ཏུ་འཚམས་འདྲི་ལེགས་གྲུབ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་འདུག

2011.12.20

༄༅༎བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ཟླ་ ༡༢ ཚེས་ ༡༦ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་བཞག། དེ་ཡང་ཕྱི་ཟླ་༡༡་ཕྱི་ཚེས་ ༢༣ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་ལྡི་ལི་ནས་ཕེབས་ཐོན་གནང་སྟེ། དེ་ཉིན་ལྦིཡེ་ནར་འབྱོར་འཕྲལ་ཨོ་སི་ཀྲོ་རི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་དོན་སྐོར་འགྲེལ་བརྗོད་དང་བགྲོ་གླེང་གནང་འདུག་ལ་ ཚེས་ ༢༤ ཉིན་ཨོ་སི་ཀྲི་རི་ཡའི་ ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་དང་། ཨེ་ཤ་ཡའི་སྡེ་ཚན་གྱི་འགན་འཛིན་དང་ལས་བྱེད་མཉམ་མཇལ་འཕྲད་གནང་འདུག་ལ་ དེ་ཉིན་གསར་འགོད་ལྷན་ཚོགས་ཐོག་བོད་དོན་སྐོར་འགྲེལ་བརྗོད་གནང་། ཚེས་ ༢༦ ཉིན་ལྦི་ཡེ་ན་ནས་ སྦར་སིལ་བརྒྱུད་ཨེམ་སི་ཊེར་ཌམ་དུ་ཕེབས་ཐོན་གནང་སྟེ་། ཁུལ་དེར་བོད་རིགས་མི་མང་ལྷན་དུ་ཚོགས་འདུ་བསྐྱངས་ཏེ་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་བཞག།
ཚེས་ ༢༩ ཉིན་གང་ཡུ་རོབ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཐུན་འགྱུར་འོག་ གྲོས་མོལ་དང་རང་སྐྱོང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བློན་ཁྲི་པ་མཆོག་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། ཚོགས་གཙོ་བཅས་ནས་རིམ་པ་བཞིན་ལས་རིམ་ནང་མཉམ་ཞུགས་ཀྱིས་གཏམ་བཤད་གནང་བ་དང་། ཚེས་ ༢ ཉིན་ཨོ་སི་ཀྲི་རི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་དང་སྟབས་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ ༢༠༠ ལྷག་ཙམ་ཞིག་འགྲེམས་སྟོན་གོ་སྒྲིག་ཞུས་པའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་དང་གསུང་བཤད་གནང་འདུག། ཕྱི་ཟླ་༡༢་ཚེས་ ༡༠ སྔ་དྲོ་རོམ་ནས་མི་ལན་དུ་ཐོན་ག་སྟེ་། ཨི་ཊ་ལི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་ཞུས་པའི་ཁྲོམ་སྐོར་སྐད་འབོད་ནང་མཉམ་ཞུགས་ཀྱིས་གསུང་བཤད་གནང་བ་དང་། དེའི་རྗེས་ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་བཅོ་ལྔ་ཙམ་ལྷན་དུ་མཇལ་འཕྲད་གྲོས་མོལ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎