ལྷོ་ཤར་ཨེ་ཤེ་ཡའི་དབུལ་ཕྱུག་ཁྱད་པར་ཆུང་དུ་གཏོང་ཐབས།

ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཁུལ་དེར་དབུལ་ཕྱུག་གི་བར་ཁྱད་པར་ཆུང་དུ་གཏོང་རྒྱུར་དམིགས་ནས་དམིགས་བསལ་ཐེབས་རྩ་བཙུགས།

2011.09.25

༄༅༎ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཁུལ་དེར་དབུལ་ཕྱུག་གི་བར་ཁྱད་པར་ཆུང་དུ་གཏོང་རྒྱུར་དམིགས་ནས་དམིགས་བསལ་ཐེབས་རྩ་ཞིག་བཙུགས་ཡོད་འདུག།
ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་དཔལ་འབྱོར་བློན་ཆེན་ཚོས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཚོགས་ཆེན་གྱི་ཞོར་དུ་གྲོས་མཐུན་བྱུང་བའི་ཐེབས་རྩས་ཕྱི་ལོ་༢༠༡༥ནང་ཚུད་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚོའི་ནང་རྒྱ་ལམ་དང་རི་ལིའི་ལྕགས་ལམ་སོགས་འཛུགས་བསྐྲུན་གྱི་ལས་གཞིའི་ཐོག་རོགས་སྐྱོར་ཆེད་ཨ་རིའི་ཌོ་ལར་ས་ཡ་ལྔ་བརྒྱ་ཐམ་པ་གཏོང་རྒྱུར་ཐག་གཅོད་གནང་གནང་ཡོད་འདུག།  ཐེབས་རྩ་གསར་འཛུགས་ཀྱི་ཡིག་ཆར་དཔལ་འབྱོར་བློན་ཆེན་རྣམ་པས་མཚན་རྟགས་བཀོད་པའི་རྗེ་སུ་ ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱིས་དྲུང་ཆེ་སུ་རིན་པིཙི་སུ་ཝན་(Pitsuwan) གྱིས་ད་ཆ་ང་ཚོས་འཛུགས་སྐྲུན་གྱི་ལས་གཞི་གང་མགྱོགས་ལག་ལེན་བསྟར་རྒྱུར་ཚང་ནས་འཆར་གྲུ་མཉམ་འདེགས་གནང་རྒྱུའི་དུས་ལ་བབ་ཡོད་རེད།  ཞལ་འདེབས་ཁོ་ནར་རེ་བ་བཅོལ་བའི་དུས་ཚོད་རྫོགས་པ་རེད་ཅེས་གཏམ་བཤད་གནང་འདུག།  ལྷོ་ཤར་ཨེ་ཤེ་ཡའི་ནང་འཛམ་གླིང་ནང་གྲགས་ཆེ་བའི་ཁང་པ་ཐོག་རྩེགས་བརྒྱ་ཕྲག་ཅན་མང་དག་ཞིག་ཡོད་ཀྱང་རྒྱལ་ལམ་དང་རི་ལིའི་ལྕགས་ལམ་དང་འཐུང་ཆུ་གཙང་མ་དང་གློག་ཤུགས་འདེང་མིན་གྱི་དཀའ་ངལ་ཆེན་པོ་ཡོད་པ་མ་ཟད་མི་མང་གི་གོང་སྒོ་ཡང་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོ་ལས་སྐྱོ་བ་ཡོད་པ་ལྟར་གོང་ཞུས་འཛུགས་བསྐྲུན་གྱི་ཐབས་རྩས་འཆ་གཞི་དྲུག་འཕྲལ་དུ་ལག་ལེན་བསྟར་རྒྱུར་དགོས་དངུལ་ཌོ་ལར་ས་ཡ་༤༨༥ལྷག་གཏོང་རྒྱུ་དང་ཕྱི་ལོ་༢༠༢༠ཙམ་ལ་ཌོ་ལར་ཐེར་འབུམ་བཞི་ཙམ་སྔ་གསར་གཏོང་རྒྱུའི་ཚོད་དཔགས་གནང་གི་ཡོད་འདུག།  ཐེབས་རྩ་དེ་བཞིན་མ་ལིེ་ཤི་ཡ་ནང་རྟེན་གཞི་བྱ་རྒྱུ་ཡིན་པ་རེད།   ཨ་ལི་ཤི་ཡས་ཐེབས་རྩའི་མ་དངུལ་ཨ་རིའི་ཌོ་རལ་ས་ཡ་༡༥༠ཐམ་པ་དང་། ཨིནྜོ་ནེ་ཤི་ཡས་ཌོ་ལར་ས་ཡ་༡༢༠ཐམ་གནང་ཡོད་འདུག། མ་ལེ་ཤི་ཡར་རྟེན་གཞི་བྱས་པའི་ཨེ་ཤེ་ཡའི་འཛུགས་བསྐྲུན་ཁང་གིས་གོང་ཞུས་ཐེབས་རྩར་ཨ་རིའི་ཌོ་ལར་ས་ཡ་༡༥༠ཐམ་གནང་རྒྱུ་ཡིན་པ་མ་ཟད་རིམ་པས་རྩེབས་རྩའི་དགོས་དངུལ་བརྒྱ་བདུན་བཅུ་ཐམ་གནང་རྒྱུའི་འཆར་གཞི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎