ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ནང་འཕྲོད་བསྟེན་གྱི་དཀའ་ངལ།

ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་མི་དམངས་ས་ཡ་༦༠༠འཕྲོད་བསྟེན་གྱི་དཀའ་ངལ་གྱི་གནས་སྟངས་གསར་པ་ཞིག་གི་ཐོག་ལྷུངས་ཡོད་པའི་སྐོར།

2011.01.25

༄༅༎ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ནང་སྤྱི་ཚོགས་ཀྱི་གནས་སྟངས་ཧ་ཅང་གི་འགྱུར་ལྡོག་མྱུར་པོ་ཕྱིན་པར་བརྟེན་ནས་ད་ཆ་དེའི་ཁུལ་གྱི་མི་དམངས་ས་ཡ་༦༠༠འཕྲོད་བསྟེན་གྱི་དཀའ་ངལ་གྱི་གནས་སྟངས་གསར་པ་ཞིག་གི་ཐོག་ལྷུངས་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་སྨན་གྱི་དུས་དེབ་ཅིག་གི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་དབྱིན་ཡུལ་ནས་འདོན་སྤེལ་བྱེད་པའི་སྨན་གྱི་དུས་དེབ་ལེན་སེཏ་ཞེས་པའི་ཐོག་ལ། ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་མི་དམངས་ཀྱི་འཕྲོད་བསྟེན་གྱི་དཀའ་ངལ་དེའི་སྐོར་ཐེངས་མང་པོ་འགྲེམས་སྤེལ་གནང་མྱོང་ཡོད་ཅིང༌། ད་རེས་དུས་དེབ་དེའི་ཐོག་ལ་གནས་ཚུལ་བཀོད་པར་གཞིགས་ན། རྒྱལ་ཁབ་དེ་དག་ནང་གི་འཕྲོད་བསྟེན་གྱི་དཀའ་ངལ་གསར་པར་གདོིང་ལེན་བྱེད་དགོས་པ་ནི་ད་ལྟ་མི་དམངས་ཀྱི་མཐོང་ཆོས་སུ་གྱུར་བ། དཔེར་ན་ནད་གཞི་རྙིང་པ་ཀེན་སར་Cancerལྟ་བུས་རྐྱེན་བྱས་ཏེ་ནད་པ་འདས་གྲོངས་སུ་འགྲོ་མཁན་བརྒྱ་ཆ་༦༠ཟིན་གྱི་ཡོད་པ་དང༌། ད་དུང་ཡང་ཛ་དྲག་ཅན་གྱི་ནད་གཞིར་གདོང་ལེན་བྱ་རྒྱུ་མ་ཟད། འགོས་ནད་ཅན་གྱི་ན་ཚ་སྔོན་འགོག་བྱེད་པར་ཧ་ཅང་གི་དཀའ་ངལ་ཅན་དུ་གྱུར་ཡོད། དཔེར་ན། ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་བྱ་ནད་ཁྱབ་འཕེལ་ཕྱིན་ཚེ། རྒྱལ་ཁབ་དེ་ཚོའི་ནང་ནས་བྱ་ནད་དང་ནད་གཞན་འཐབ་ཏེ། ནད་ཡམས་གསར་པ་ཁྱབ་འཕེལ་འགྲོ་སྲིད་པའི་ཉེན་ཁ་ཡོད་པ་གཟིགས་ཀྱི་ཡོད་པ་རེད། དེའང་རྒྱལ་ཁབ་དེ་ཚོའི་ནང་སྤྱིར་མི་འབོར་འཕེལ་རྒྱས་འགྲོ་བ་འམ་ཡང་ན། མིའི་ཚེ་ཚད་རིང་དུ་ཕྱིན་པ། ཡང་ན་གྲོང་གསེབ་ས་ཁུལ་ནས་གྲོང་ཁྱེར་དུ་འཕྲལ་སེལ་འཚོ་ཐབས་བྱེད་མཁན་མང་དུ་ཕྱིན་པའི་རྒྱུ་མཚན་ཡིན་མིན་ཆ་མ་གཏོགས་ཀྱང་གང་ལྟར་རྒྱལ་ཁབ་དེ་དག་ནང་གི་མིའི་ཚེ་ཚད་ནི་འཛམ་གླིང་ནང་ནས་འགྱུར་ལྡོག་ཆེ་ཤོས་ཀྱི་གྲས་སུ་སླེབས་ཀྱི་ཡོད་པར་བརྟེན་ནས། རྒྱལ་ཁབ་དེ་དག་ནང་འཕྲོད་བསྟེན་གྱི་འཁུར་པོ་དེ་མུ་མཐུད་གནས་ཏེ། མཚམས་རེ་ན་ཚ་རྙིང་པའི་དཀའ་ངལ་ཆེ་བ་དང༌། མཚམས་རེ་འགོས་ནད་ཅན་གྱི་ནད་ཀྱི་དཀའ་ངལ་རེས་མོས་སུ་གནས་ཏེ། ནད་དེ་གཉིས་འོག་ནས་མཐར་རྒྱུ་མིན་པ་ངོས་འཛིན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎