ལྷོ་བྱང་ཀོ་རི་ཡའི་ནང་མི་ཟླ་བསྒྲིལ་གྱི་ལས་འཆར།

ལྷོ་བྱང་ཀོ་རི་ཡའི་དབར་གྱི་དམག་འཁྲུག་སྐབས་ནང་མི་སྟོང་ཕྲག་མང་པོ་ཁ་བྲལ་ཆགས་ཡོད་པ་རྣམས་ཟླ་བསྒྲིལ་གཏོང་ཐབས་ཀྱི་ལས་འཆར།

2011.09.12

༄༅༎མི་ལོ་ ༦༠འི་གོང་ལ་ཀོ་རི་ཡའི་ནང་དམག་འཁྲུག་ལངས་པའི་རྗེས་སུ་ཀོ་རི་ཡའི་རྒྱལ་ཁབ་དེ་བཞིན་ལྷོ་བྱང་གཉིས་སུ་ཁ་གྱེས་ཕྱིན་པ་རེད་ དམག་འཁྲུག་དེའི་མཇུག་འབྲས་ཤིག་ནི་དེའི་སྐབས་སུ་བཟའ་ཚང་དང་ དགའ་ཉེ་སྤུན་གྲོགས་སོགས་མདོར་ན་ནང་མི་སྟོང་ཕྲག་མང་པོ་ཁ་བྲལ་ཆགས་ཡོད་པ་རེད་ ཁ་བྲལ་ཆགས་པའི་ནང་མི་དེ་དག་མུ་མཐུད་ཟླ་བསྒྲིལ་གཏོང་ཐབས་སླད་དུ་ལྷོ་ཀོ་རི་ཡའི་གཞུང་གིས་ལོ་མང་སྔོན་ནས་ནང་མི་ཟླ་སྒྲིལ་གཏོང་རྒྱུའི་ལས་འཆར་བཏིངས་ཡོད་ཅིང་ ལས་འཆར་དེར་མུ་མཐུད་ནུས་ཤུགས་སྐྱོན་རྒྱུ་ཡིན་པ་དང་ དེའི་སླད་དུ་ བྱང་ཀོ་རི་ཡའི་གཞུང་གི་ཕྱོགས་ནས་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུའི་སྐུལ་འདེད་གནང་རྒྱུ་ཡིན་པ་ལྷོ་ཀོ་རི་ཡའི་གཞུང་གི་ཆིག་སྒྲིལ་བློན་ཆེན་གཞོན་པ་ཨུམ་ཇོང་སིཀ་གིས་དེ་རིང་གསུང་འདུག་ ལྷོ་ཀོ་རི་ཡའི་ཆིག་སྒྲིལ་བློན་ཆེན་གཞོན་པས་མུ་མཐུད་གསུང་དོན་ལྟར་ན་ ལྷོ་བྱང་གཉིས་སུ་ཁ་བྲལ་གྱུར་པའི་ནང་མི་དེ་དག་ཟླ་སྒྲིལ་གཏོང་རྒྱུའི་ལས་འཆར་དེ་ནི་ཆབ་སྲིད་ཀྱི་ཐད་ནས་གལ་གནད་ཆེ་བའི་གནད་དོན་ཞིག་རེད་ལ་ སྲིད་དོན་གྱི་འགོག་རྐྱེན་ཇི་འདྲ་ཞིག་འཕྲད་དང་ འཕྲད་མིན་ལ་མི་ལྟོས་པར་ལྷོ་ཀོ་རི་ཡའི་གཞུང་གི་ཕྱོགས་ནས་ནང་མི་ཟླ་སྒྲིལ་གཏོང་ཐབས་ཀྱི་འཆར་གཞི་དེར་ ཤུགས་སྣོན་གང་ཡོད་སྐྱོན་གྱི་རེད་ལ་ བྱང་ཀོ་རི་ཡའི་གཞུང་གི་ཕྱོགས་ནས་ཀྱང་ནང་མི་ཟླ་སྒྲིལ་གཏོང་རྒྱུའི་འཆར་གཞི་དེ་བསྐྱར་གསོ་གནང་བའི་སྐུལ་འདེད་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎