བོད་མིའི་སྒྲིག་འཛུགས་ཀྱིས་མགྲིན་ཚབ་པ་བསྐོས་འདུག


2016.09.29
དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་ཉེ་པར། དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་ཉེ་པར།
པར་ཚགས།

ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པར་བསྐོ་གཞག་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་ཉེ་སྔོན་ཕྱི་ཟླ་༩་ཚེས་༣་ཉིན་བཀོད་ཁྱབ་གསལ་བསྒྲགས་གནང་པའི་ནང་། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པར་བསྐོ་བཞག་གནང་འདུག་པ་དང་། དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པའི་འགན་འཁུར་དེ་ཕྱི་ཟླ་༩་པའི་ཚེས་༣་ནས་དབུ་འཛུགས་ཞུ་དགོས་པ་ལྟར་འགན་འཁུར་ཞུ་མུས་ཡིན་འདུག
གནས་ཚུལ་ནང་བཀོད་པར་གཞིགས་ན། དྭགས་པོ་བསོད་ནམ་ནོར་བུ་ལགས་ནི། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་སྟེ་མི་ལོ་༢༥་ཙམ་གྱི་ཉམས་མྱོང་ཡོད་མཁན་གྱི་སྲི་ཞུ་བ་རྒན་གྲས་ཤིག་ཡིན་པ་མ་ཟད། དེ་སྔ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་གནང་མྱོང་ཡོད་པ་དང་། དེ་སྔ་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ནང་། རྒྱ་ནག་ཏུ་གྲོས་མོལ་སྐུ་ཚབ་ཚོགས་ཆུང་ནང་མཉམ་ཞུགས་གནང་མྱོང་ཡོད་པ་གསལ་འདུག།།   

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎