རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་འཇམ་དབྱངས་འཛིན་བཟུང་།


2015.10.05
རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་འཇམ་དབྱངས་འཛིན་བཟུང་།
བོད་ནས་བཏང་འབྱོར།

༄༅།    །བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན།   སྤྱི་ལོ་༢༠༡༥ཟླ་༩ ཚེས་༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་༡༥་ཡིན་པ་བློ་བཟང་འཇམ་དབྱངས་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་དཔའ་བོའི་སྲང་ལམ་ནས་བོད་ལ་རང་དབང་དགོས།  རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་བོད་དོན་སྐད་འབོད་གནང་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་མ་ཐག་དེར་ཡོད་རྒྱ་ནག་གི་ཉེན་རྟོག་པ་རྣམས་ཀྱིས་འཛིན་བཟུང་བཙན་ཁྲིད་བྱས་འདུག  ས་གནས་བོད་མིས་བརྗོད་དོན་ལྟར་ན།  ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་བ་ཆོས་ཚང་གི་ཕ་ཆོས་འཕེལ་ལགས་དང་།  མ་མཚོ་མོ་ལགས་གཉིས་ཀྱི་བུ་ཡིན་ཞིང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ་དེང་སྐབས་སྔོན་འགྲོའི་འཛིན་གྲར་སློབ་གཉེར་གནང་བཞིན་ཡོད་པ་རེད།  ཁོང་འཛིན་བཟུང་བཙན་ཁྲིད་རྗེས་སུ་ད་བར་བཀག་ཉར་བྱས་ཡོད་པ་ལས་དེ་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོག་མ་བྱུང་ཞེས་ངོ་སྤྲོད་གནང་འདུག།  ཡང་ཕྱི་ཟླ་དགུ་པའི་ཚེས་བཅུ་ཉིན་བོད་ནང་གི་ཉིན་གུང་ཚོུད་༡༢་ཙམ་ལ་རྔ་པ་རྫོང་སོ་རུ་སྡེ་བའི་ཚུར་རིས་ཚང་གི་བུ་འཕྲིན་ལས་དང་། ཚེ་སྟོད་ཚང་གི་བུ་བློ་བཟང་གཉིས་ཀྱིས་བོད་ལ་རང་དབང་དགོས།  རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་གོམས་བགྲོད་གནང་བའི་སྐབས་དེར་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་།  ཁོང་གཉིས་ནི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་པ་ནས་་ཡིན་པ་ཙམ་ལས་ཞིབ་ཕྲ་ཤེས་རྟོགས་མེད་པ་དང་།  དེ་མིན་ཡང་དེ་སྔོན་ཕྱི་ཟླ་དགུ་པའི་ཚེས་༡༠་ཉིན་ནས་གཞུང་འབྲེལ་གྱི་ལས་ཁུངས་ཁག་ལས་གཞན་མི་སྒེར་གྱི་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་མ་ཟད།  རྫོང་མཁར་གྱི་གཞུང་ལམ་ཁག་ལ་ཉེན་རྟོག་པ་མང་རུ་བཏང་ནས་རྒྱུན་དུ་ལྟ་རྟོག་བྱེད་མུས་ཡིན་པ་རེད།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎