བོད་ཀྱི་གནད་དོན་སེལ་ཐུབ་པ་ཡིན་ན་ས་མཚམས་དཀའ་རྙོག་རང་བཞིན་ཀྱི་སེལ་ཐུབ་ཀྱི་རེད།


2020.06.20
བོད་ཀྱི་གནད་དོན་སེལ་ཐུབ་པ་ཡིན་ན་ས་མཚམས་དཀའ་རྙོག་རང་བཞིན་ཀྱི་སེལ་ཐུབ་ཀྱི་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྒྱ་གར་གྱི་ཨེན་ཌི་ཊི་ཝི་(NDTV)བརྙན་འཕྲིན་ཁང་གི་གསར་འགོད་པ་སོ་ནི་ཡ་སིང་(Sonia Singh) ཡིས་བཅར་འདྲི་ཞུས་པའི་ལས་རིམ།
ཨེན་ཌི་ཊི་ཝི།

ཇི་སྲིད་བོད་ཀྱི་གནས་བབས་དེ་རྒྱལ་རབས་ལོ་རྒྱུས་ཐོག་ཡོད་པའི་ཞི་བདེའི་མངའ་ཁུལ་གྱི་གནས་བབས་ཤིག་མ་ཆགས་བར་དང་། བོད་དེ་རྒྱ་དཀར་ནག་གཉིས་ཀྱི་དབར་བར་གནས་མངའ་ཁུལ་ཞིག་མ་ཆགས་བར། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་དེ་སེལ་ཐབས་ཡོད་པ་མ་རེད་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་ཨེན་ཌི་ཊི་ཝི་(NDTV)བརྙན་འཕྲིན་ཁང་གི་གསར་འགོད་པ་སོ་ནི་ཡ་སིང་(Sonia Singh) ཡིས་རེས་གཟའ་པ་སངས་ཉིན་བཅར་འདྲི་ཞུས་པའི་བཀའ་ལན་དུ་གསུངས་བཞག

དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་གནད་དོན་སེལ་ཐབས་སུ་གྲོས་མོལ་གནང་ནས་བོད་ཀྱི་གནད་དོན་སེལ་ཐུབ་པ་ཡིན་ན། ས་མཚམས་དཀའ་རྙོག་རང་བཞིན་ཀྱི་སེལ་ཐུབ་ཀྱི་རེད་ཅེས་གསུངས་བཞག

ཡང་བརྙན་འཕྲིན་ལས་ཁང་དེས་གྷལ་ཝན་(Galwan) ལུང་གཤོངས་དེ་བཞིན་རྒྱ་ནག་གི་ཡིན་ཞེས་བཤད་བཞིན་པའི་སྐོར་བཅར་འདྲི་ཞུས་པའི་བཀའ་ལན་དུ་ ཕྱི་ལོ་༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ལ་རྒྱ་ནག་གི་ས་རྟགས་བཀོད་མེད་པ་དང་། རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་བོད་བཙན་བཟུང་བྱས་ཐུབ་པ་ཡིན་ན། བོད་ནི་ལག་མཐིལ་ལྟ་བུ་ཡིན་སྟབས་མཛུབ་མོ་ལྔ་རིམ་པས་བཙན་བཟུང་བྱེད་ཐུབ་ཀྱི་རེད་ཅེས་བཤད་ཡོད་པ་རེད། མཛུབ་མོ་ལྔ་ནི། ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ཎཱ་ཅལ་མངའ་སྡེ། བལ་ཡུལ། འབྲུག་ཡུལ་བཅས་ཡིན་པ་གསུངས་བཞག ཡང་NDTVབརྙན་འཕྲིན་ལས་ཁང་གིས་གསར་འགོད་པས་ཉེ་འཆར་བལ་ཡུལ་ནས་ཀྱང་། ས་ཁྲ་གསར་པ་བཟོས་པའི་གནས་ཚུལ་དང་། དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་ཤྲི་ལང་ཀའི་ནང་དུ་རྒྱ་རིགས་མང་དུ་འགྲོ་བཞིན་པ་སོགས་ཀྱི་ཐོག་ནས་རྒྱ་གར་ལ་ཉེན་ཁ་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་སྲིད་སྐྱོང་མཆོག་གིས། ཐོག་མར་ང་ཚོས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་George Fernande དམ་པ་དེ་ཉིད་ནས་རྒྱ་ནག་ནི་རྒྱ་གར་གྱི་དགྲ་ཨང་དང་པོ་དེ་རེད་ཅེས་གསུངས་པ་དེ་སེམས་ལ་བཞག་དགོས་པ་དང་། རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་ཡུལ་གྲུ་ཁག་ནས་མཐའ་སྐོར་རྒྱུའི་ཐབས་ཇུས་དེ་རེད་ལ། ལ་དྭགས་ཀྱི་གནས་དོན་དེ་ཡང་དེའི་ཆ་ཤས་ཤིག་རེད། ང་ཚོས་མི་ལོ་༦༠ གོང་ནས་བཟུང་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་གནས་ཚུལ་གང་བྱུང་བ་དེ་རྒྱ་གར་ལའང་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་ནའང་སུ་ཞིག་གིས་ཀྱང་ཉན་འཇོགས་བྱས་ཡོད་པ་མ་རེད། ད་ཆ་གནས་ཚུལ་དེ་དངོས་སུ་ཡོང་བཞིན་པ་རེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎