ཉི་ཧོང་གི་དྲག་པོའི་དམག་དོན་ཤུགས་ཆེ་རུ་གཏང་འཆར།

ཉི་ཧོང་གི་སྲིད་བློན་གནང་གཏན་ཁེལ་བའི་ཤིན་ཛོ་ ཨ་སྦི་ཡིས་ཉི་ཧོང་གི་དྲག་པོ་དམག་དོན་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ལུགས་བཤད་འདུག

2012.12.22

༄༅༎ཉི་ཧོང་གི་སྲིད་བློན་གནང་གཏན་ཁེལ་བའི་སྲིད་བློན་ཟུར་པ་ཤིན་ཛོ་ ཨ་སྦི་ཡིས་ཉི་ཧོང་གི་དྲག་པོ་དམག་དོན་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ལུགས་བཤད་འདུག
དེང་སྐབས་ཉི་ཧོང་གི་ཚན་རིག་ལག་རྩལ་མཁས་པོ་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་དྲག་པོའི་དམག་དཔུང་ཐོག་འགྲོ་སོང་ཆེན་པོ་གཏོང་མཁན་ཨང་དྲུག་པ་དེ་ཡིན་པས། ཉི་ཧོང་གི་དྲག་པོའི་རྐང་དམག་དང་། གནམ་དམག དེ་བཞིན་མཚོ་དམག་གི་སྟོབས་ཤུགས་ཤིན་ཏུ་ཆེན་པོ་ཡོད་ན་ཡང༌།  འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་མི་རི་ཀས་གནོན་ཤུགས་འོག་ ཉི་ཧོང་གི་རྩ་ཁྲིམས་ནང་དྲག་པོའི་དམག་གི་སྟོབས་ཤུགས་འཕེལ་རྒྱས་གཏོང་ཕྱོགས་ཐད་བཏང་འཛིན་ཤུགས་ཆེ་བྱས་ཡོད་པ་རེད། འོན་ཀྱང་ད་ཆ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ནས་ཉི་ཧོང་གི་བདེ་འཇགས་ཐོག་ཉེན་འཚབ་སླེབས་བཞིན་ཡོད་པ་དང༌། ཉི་ཧོང་གི་ཐབས་བྱུས་སློབ་སྟོན་པ་རྣམས་ཀྱིས་ཀྱང་། ད་ཆ་ཉི་ཧོང་གི་སོ་སོའི་སྲུང་སྐྱོབ་སོ་སོའི་དམག་གིས་འགན་འཁུར་བཞེས་རྒྱུའི་དུས་ལ་བབས་ཡོད་པའི་བསམ་ཚུལ་ཤུགས་ཆེན་པོ་བཏོན་པ་བཅས་ལས། རྒྱལ་གཅེས་ཀྱི་ལྟ་བ་འཁྲེགས་པོ་འཛིན་མཁན་མང་གཙོ་གུ་ཡངས་ཚོགས་པའི་དབུ་ཁྲིད་ཤིན་ཛོ་ཨ་སྦི་ཡིས། ཁོང་སྲིད་བློན་གནང་རིང་ཉི་ཧོང་གི་དྲག་པོའི་དམག་མི་ནུས་ཤུགས་ཆེ་རུ་གཏོང་སྟེ། ཨ་མི་རི་ཀ་ལྟ་བུའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་དམག་དཔུང་དང་འདྲ་མཉམ་བྱེད་རྒྱུ་ཡིན་པའི་སྐོར་ནན་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎