རྒྱ་ནག་གི་དངོས་ཟོག་མ་ཉོ་རོགས་ཞེས་པའི་ལས་འགུལ།
2011.12.24
༄༅༎ཨ་མི་རི་ཁའི་མི་ནེ་སུ་ཀྲའི་མངའ་སྡེའི་ནང་གནས་འཁོད་བོད་ཀྱི་གཞོན་ནུ་ཚོགས་པ་དང་བོད་རང་དབང་ཆེད་སློབ་ཕྲུག་ཚོགས་པ་བཅས་མཉམ་རུབ་ཀྱིས་ད་རེས་ཀྱི་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་ཁེ་སི་མེ་སེའི་དུས་སྐབས་དང་བསྟུན་ནས་གྲོང་ཁྱེར་དེའི་ཚོང་ཁང་ཆེ་ཁག་གི་ནང་དུས་ཆེན་གྱི་ཉོབ་ཆ་རྒྱབ་མཁན་ཚོར་རྒྱ་ནག་ནས་བཟོས་པའི་ཅ་ལག་ཉོ་ཆ་མ་རྒྱབ་ཅེས་འབོད་སྐུལ་ཁྱབ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ཁོང་ཚོས་འགྲེལ་བརྗོད་གནང་བར་རྒྱ་ནག་ནས་བཟོས་པའི་ཅ་ལག་དེ་ཚོི་མང་ཆེ་བ་བཙོན་པས་བཟོས་པའམ་ཡང་ན་ཉམས་ཐག་པ་ཚོར་གླ་ཆ་ཚད་ལྡན་མི་སྤྲོད་པ་སོགས་ཀྱི་ཐོན་སྐྱེད་ཡིན་པ་དང་དེའི་ཡོང་བབ་མང་ཆེ་བ་དྲག་པོའི་གཏོང་བ་དང་དེ་བཞིན་བོད་ནང་བཙན་དབང་གིས་བོད་མིར་བཙོན་བཅུགས་དང་ཉེས་བརྡུང་ཁྲིམས་གཅོད་བཏང་བ་སོགས་བོད་མིའི་རང་དབང་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་དང་བཟོ་གྲྭའི་བདག་པོ་དེ་ཚོ་མང་ཆེ་བ་རྒྱ་ནག་གཞུང་གི་འགོ་ཁྲིད་དེ་ཚོས་བདག་ཏུ་བཟུང་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
གང་ལྟར་ང་ཚོས་རྒྱ་ནག་ནས་བཟོས་པའི་ཅ་ལག་དེ་རིགས་ཉོས་ཚེ་དེས་ཨ་མི་རི་ཁའི་དཔལ་འབྱོར་དང་ལས་ཀའི་ཐོབ་ཐང་ལ་གནོད་འཚབ་བཟོ་ཡི་ཡོད་པ་སོགས་ཡིན་པའི་སྐོར་དང་དེ་བཞིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་མི་ཞུ་བ་དང་སྤྱི་ཚོགས་ཀྱི་ཡུལ་ཁྲིམས་དྲང་པོ་མེད་ལུགས་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།