ཨ་རི་ནང་ཨོ་ལིམ་པིཀ་ཡི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་སྤེལ་འཆར་ཡོད་པ།

ཨརིནང་ཨོ་ལིམ་པིཀ་གི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་བོད་མི་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་འདུག

2008.04.09
༄༅༎ ཨརིནང་ཨོ་ལིམ་པིཀ་གི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་བོད་མི་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་འདུག ད་རིང་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་ནུབ་ཕྱོགས་གྲོང་ཁྱེར་སན་ཕ་རན་སིས྄་ཀོའི་ནང་། ཨོ་ལིམ་པིཀ་ཡི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོཊ་པ་དང་། གཞན་ཡང་བྷར་མའི་མང་གཙོ་དོན་གཉེར་བའི་ཚོཊ་པ་བཅས་ནས་ངོ་རྒོལ་གྱི་ལས་འགུལ་ཤུཊ་ཆེ་སྤེལ་འཆར་ཡོད་འདུག ཁ་ས་དགོང་དྲོ་བོད་མི་སྟོང་ཕྲག་གཉིས་ཙམ་གྱི་འདུ་འཛོམས་ཐོག་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་དང་། སྐབས་དེར་ནོ་བྷེལ་ཞི་བདེའི་དེད་དཔོན་ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་དེཤ་མན་ ཀྲུ་ཀྲུ་མཆོག་དང་། གློག་བརྙན་འཁྲབ་མཁན་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རི་ཅཌ་གྷི་ཡར་རྣམ་གཉིས་ནས་གསུངས་བཤད་གནང་ཡོད་པ་རེད། དེ་ཡང་རི་ཅཌ་གྷི་ཡར་མཆོག་ནས་རྒྱ་ནག་གཞུང་ནས་ཞི་བདེའི་སྤྱི་ཚོཊ་བསྐྲུན་ཐབས་བྱེད་ཀྱི་ཡོད་ལུགས་གསུངས་བཞིན་ཡོད་ཀྱང་སྤྱི་ཚོགས་དེའི་ནང་ ཆོས་དད་དང་རིག་གཞུང་སྲུང་བརྩི་ཞུ་རྒྱུའི་ཐོབ་ཐང་མེད་པ་ཡེན་ན་བརྟན་ལྷིང་གི་སྤྱི་ཚོཊ་ཤིག་ཡོང་མི་སྲིད་པ་རེད་ཅེས་གསུངས་ནས་གང་ལྟར་བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་ནས་དྲག་གནོན་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎