རྒྱ་ནག་གཞུང་གིས་རྩེད་འགྲན་པ་ཚོ་ཟུར་བཀག་དུ་བཞག་པ་སོགས་ཀྱི་ཐད་སྐྱོན་བརྗོད་བྱེད་མཁན་ཇེ་མང་རེད་འདུག

2022.02.07
རྒྱ་ནག་གཞུང་གིས་རྩེད་འགྲན་པ་ཚོ་ཟུར་བཀག་དུ་བཞག་པ་སོགས་ཀྱི་ཐད་སྐྱོན་བརྗོད་བྱེད་མཁན་ཇེ་མང་རེད་འདུག རྩེད་འགྲན་སྐབས་བཙུགས་པའི་པེ་ཅིང་གི་ཟུར་བཀག་ཁང་ཞིག ༡།༢༧།༢༠༢༢
Reuters

དེ་ཡང་རོའུ་ཊར་གསར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་སྤྱི་ཚེས་༤་ཉིན་པེ་ཅིང་གི་དགུན་དུས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་འགོ་ཚུགས་ཡོད་ཀྱང་། རྩེད་འགྲན་པ་ཚོ་ཕྱི་ཟླ་དང་པོའི་ནང་ནས་རིམ་པས་རྒྱ་ནག་ལ་འབྱོར་བ་ཚང་མ་སྡོད་གནས་ལོགས་སུ་བཞག་ཡོད་པ་དང་། རྩེད་འགྲན་པ་ཁག་ཅིག་རྒྱ་ནག་ལ་འབྱོར་མ་ཐག་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པ་དང་། ཁོང་ཚོ་ཉིན་ཤས་རིང་ཟུར་བཀག་བྱས་ནས་སྡོད་དགོས་བྱུང་བ་མང་ཆེ་བ་འཁྱགས་ཤུད་རྩེད་འགྲན་པ་དང་། ཧོ་ཀི་ཞེས་པའི་རྒྱུག་རྩེད་སྤོ་ལོའི་རྩེད་འགྲན་པ་ཁག་ཅིག་ཡོད་འདུག དཔེར་ན། ཧྥིན་ལན་ཊིའི་འཁྱགས་ཤུད་ཧོ་ཀི་སྤོ་ལོ་རྩེད་འགྲན་པ་(Marko Anttila)་ལ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་རྗེས་དྲག་སྐྱེད་བྱུང་ནས་ཉིན་གྲངས་བཅོ་བརྒྱད་ཙམ་འགྲོ་བཞིན་ཡོད་ཀྱང་། མུ་མཐུད་དུ་ཟུར་བཀག་ནས་མ་བཏང་བའི་ཐོག་ཟ་མ་ཡག་པོ་མ་སྤྲད་པ་སོགས་ཀྱིས་ཁོང་མོའི་སེམས་ཁམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་ནི། རྒྱ་ནག་གཞུང་གིས་ཁོང་མོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་རེད། ཅེས་ཧྥེན་ལན་ཊིའི་རྩེད་འགྲན་དགེ་རྒན་གྱི་སྤྱི་ཚོགས་དྲྭ་ལམ་བརྒྱུད་འགྲེལ་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་ཨོསི་ཊརེ་ལི་ཡ་དང་ཇར་མན་གྱི་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་ཀྱང་ཁོང་ཚོའི་རྩེད་འགྲན་པ་ཁག་ཅིག་གི་ཐོག་དཀའ་ངལ་འཕྲད་པའི་གནས་ཚུལ་སྤེལ་འདུག
ཡང་པོ་ལན་ཊིའི་འཁྱགས་ཤུད་རྩེད་འགྲན་པ་(Natalia Maliszewska)་ཡིས་སྤྱི་ཚོགས་དྲྭ་ལམ་ (twitter)་བརྒྱུད། ཁོང་མོར་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མེད་ཀྱི་གནས་ཚུལ་འདྲ་མིན་བཤད་ནས་ཟུར་བཀག་དུ་བཞག་པ་དང་། དེ་ནས་སླར་ཡང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་དྲག་སྐྱེད་ཕྱིན་མེད་ལུགས་བཤད་པ་སོགས་གང་ལྟར་འགྲན་བསྡུར་གྱི་སྐབས་མཚམས་བཅས་ལ་ལུས་སེམས་གཉིས་ཀར་དཀའ་ངལ་འཕྲད་བྱུང་ཞེས་བྲིས་ཡོད་འདུག
ཡང་སུ་ཝེ་ཌན་གྱི་གསར་འགོད་པ་(Philip Gadd)་འདས་པའི་གཟའ་ལྷག་པའི་ཉིན་པེ་ཅིང་ལ་འབྱོར་མ་ཐག་སྨན་ཁང་གི་མྱུར་སྐྱོབ་ཛ་དྲག་མོ་ཊའི་ནང་འཁྲིད་ནས་ཟུར་བཀག་དུ་བཞག་པ་དང་། པེ་ཅིང་དུ་ཞེ་སྣང་དང་དངངས་སྐྲག་ངང་དུས་ཚོད་སྐྱེལ་དགོས་བྱུང་བ་དེ་གློག་བརྙན་ལྟབུ་ཞིག་ཡིན་ནམ་བསམ་པ་བྱུང་ཞེས་བཀོད་པ་སོགས། གང་ལྟར་ད་རེས་རྒྱ་ནག་ནང་ཚོགས་བཞིན་པའི་རྩེད་འགྲན་སྐབས་རྩེད་འགྲན་པ་ཚོར་ཏོག་དབྱིབས་ནད་ཡམས་ཀྱི་མིང་ཐོག་ནས་དམ་དྲག་དང་བསུན་གཙེར་བཟོས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་ལུགས་བཀོད་འདུག
ཉེ་བའི་ནང་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས། ཨ་མི་རི་ཀ་གཙོས་རྒྱལ་ཁབ་ཁག་མང་པོས་རྩེད་འགྲན་དེར་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་མི་དང་། ཡུ་གུར་བའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བཞིན་པའི་སྲིད་ཇུས་དང་། འགྲོ་བ་མིའི་ཐོང་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་ནས། རྒྱ་ནག་གཞུང་ལ་རྩེད་འགྲན་གྱི་མགྲོན་བདག་བྱེད་རྒྱུའི་འོས་བབས་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ནང་རྩེད་འགྲན་དེ་བཀག་སྡོམ་བྱ་རྒྱུར་སྐུལ་འདེད་ཀྱི་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད་པ་དང་། ལྷག་པར་འདི་ཚེས་༤་ཉིན། རྒྱ་ནག་པེ་ཅིན་དུ་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་པ་དང་བསྟུན། རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། བོད་དོན་ལས་འགུལ་བ་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་གང་སར་སྤེལ་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎