ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཨ་རིའི་དོན་གཅོད་ཁང་དུ་ཕེབས་ནས་བཀའ་སློབ་གནང་།


2018.05.08
ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཨ་རིའི་དོན་གཅོད་ཁང་དུ་ཕེབས་སྐབས། ༢༠༡༨།༥།༨ ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཨ་རིའི་དོན་གཅོད་ཁང་དུ་ཕེབས་སྐབས། ༢༠༡༨།༥།༨
རྟ་མགྲིན།/RFA

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རབ་གནས་བཀའ་སློབ་གནང་པ།
དེ་ཡང་ཕྱི་ཟླ་ ༥ ཚེས་ ༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དོན་གཅོད་ཁང་ལ་རབ་གནས་དང་ལས་བྱེད་པ་རྣམས་ལ་བཀའ་སློབ་སྩལ་ཡོད་པ་རེད། ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཨ་རིའི་ནང་མཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་ཐད་སྦྱོར་བརྡར་སྤྲོད་རྒྱུའི་ཐད་དམིགས་བསལ་ཐུགས་སྣང་དགོས་པ་ནན་ཏན་གྱི་བཀའ་སློབ་ཕེབས་ཡོད་ལ། ༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་ནི་བོད་མི་ཙམ་མ་ཟད། འཛམ་གླིང་ཀུན་ལ་ཕན་ཐོགས་གྲུབ་ནུས་པ་ཞིག་ཡིན་སྟབས་དེ་བོད་མི་ཚོས་བདག་ཉར་བྱེད་དགོས་པ་དང་། དེ་ཡོང་བར་ངེས་པར་བོད་ཀྱི་སྐད་ཡིག་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་དོན་སྙན་སེང་ཞུས་པའི་སྐབས། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་གཞུང་དང་གྲོས་ཚོགས་ཁག་ལ་འབྲེལ་བ་གནང་རྒྱུ་དང་། ད་ཆ་ཨ་རི་དང་ཀེ་ན་ཌ་བཅས་ཀྱི་ནང་བོད་མི་ཁྲི་ཚོ་འགའ་ཤས་ཡོད་པ་དེ་དག་དང་འབྲེལ་ལམ། རྒྱ་མི་རིགས་དང་འབྲེལ་ལམ་གནང་ཕྱོགས་ཀྱི་ལས་དོན་སྙན་སྒྲོན་ཞུས་ཡོད་པ་རེད།
འདས་པའི་ཉིན་ཤས་རིང་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཨ་རིའི་རྒྱལ་སའི་ཁུལ་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ལེགས་གྲུབ་ཀྱིས།  ཕྱི་ཟླ་ ༥ ཚེས་ ༩ ཉིན་ཨ་རིའི་ས་གནས་གཞན་དུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག།

གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎