ས་སྐྱའི་ཁྲི་འཛིན་ཁྲི་རབས་ཞེ་གསུམ་པའི་ཁྲི་སྟོན་གྱི་མཛད་སྒོ་གནས་སྐབས་ཕྱིར་འཐེན།


2020.02.20
དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་མཆོག 2019/6/25 དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་མཆོག 2019/6/25
RFA

ཏོག་དབྱིབས་ནད་དུག་གསར་བའི་ནད་ཡམས་མུ་མཐུད་དུ་ཁྱབ་བཞིན་པར་བརྟེན་ས་སྐྱའི་ཁྲི་འཛིན་ཁྲི་རབས་ཞེ་གསུམ་པའི་ཁྲི་སྟོན་གྱི་མཛད་སྒོ་གནས་སྐབས་ཕྱིར་འཐེན་བྱས་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་མུ་མཐུད་དུ་གང་སར་ཁྱབ་བཞིན་པ་དང་། དེ་ཡང་འཛམ་གླིང་གི་ཡུལ་གྲུ་༢༥་ལྷག་གི་ནང་ཁྱབ་ནས་རྒྱལ་སྤྱིའི་ཐོག་ཛ་དྲག་རང་བཞིན་གྱི་རིམས་ནད་ལ་ངོས་འཛིན་གནང་གི་ཡོད་པ་སོགས་ལ་བརྟེན། ས་སྐྱའི་ཁྲི་འཛིན་ཞེ་གསུམ་པའི་ཁྲི་སྟོན་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གིས། ༧དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་སྟོན་མཛད་སྒོ་སྤྱི་ཟླ་༣་པའི་ཚེས་༢༩་ཉིན་གནང་རྒྱུ་གནས་སྐབས་དུས་ཚོད་ངེས་མེད་བར་རེ་ཞིག་ཕྱིར་འཐེན་གནང་ཡོད་པ། རྒྱ་གར་ནང་གི་ས་སྐྱའི་མ་དགོན་གྱི་དབུ་འཛིན་བསོད་ནམས་ཆོས་རྒྱལ་གྱིས་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ས་སྐྱ་ཁྲི་འཛིན་གྱི་ལམ་ལུགས་ལ་བསྒྱུར་བཅོས་ཀྱི་གསལ་བསྒྲགས་ནི། སྤྱི་ལོ་༢༠༡༤་ལོར་ས་སྐྱའི་སྨོན་ལམ་སྐབས་སུ་གནང་ཡོད་ཅིང་། དེ་སྔོན་ས་སྐྱ་ཁྲི་འཛིན་ཞེ་གཅིག་བར་སྐུ་ཚེ་ཧྲིལ་བོར་ས་སྐྱ་ཁྲི་འཛིན་གྱི་གོ་བབ། སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་ནས་རེས་མོས་ཀྱིས་གནང་སྲོལ་ཡོད་ནའང་། སྤྱི་ལོ་༢༠༡༧་ལོར་ས་སྐྱའི་ཁྲི་འཛིན་ཞེ་གཉིས་བ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཁྲི་འདོན་མཛད་པ་ནས། ས་སྐྱའི་ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་གཉིས་ཀྱི་གདུང་སྲས་རྣམ་པ་རེས་མོས་ཀྱི་ཐོག་ནས། ལོ་གསུམ་རེ་ལ་ས་སྐྱ་ཁྲི་འཛིན་གནང་སྲོལ་བཟོས་པ་འགྲེལ་བརྗོད་གནང་གི་འདུག
གསལ་བསྒྲགས་ལྟར་ན། ས་སྐྱའི་ཁྲི་འཛིན་ཞེ་གསུམ་པར་ཛྙ་ན་བཛྲ་རིན་པོ་ཆེ་ཁྲི་སྟོན་གནང་རྒྱུ་ཡིན་པ་རེད།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎