མཁན་པོ་འཇུ་བཟུང་ལ་བོད་མིས་ངོ་རྒོལ།


2013.12.20
མཁན་པོ་དཀར་ཚེ་ལགས་འཇུ་བཟུང་བྱས་བར་ས་གནས་བོད་མིོ་ཚོས་ངོ་རྒོལ་བྱེད་བཞིན་པ། མཁན་པོ་དཀར་ཚེ་ལགས་འཇུ་བཟུང་བྱས་བར་ས་གནས་བོད་མིོ་ཚོས་ངོ་རྒོལ་
པར། བོད་འབྱོར།

དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། མཁན་པོ་དཀར་ཚེ་ལགས་འཇུ་བཟུང་རྗེས་ཉེན་རྟོག་པས་བཙན་ཁྲིད་བྱས་པ་དང་། ད་བར་གློད་བཀྲོལ་བཏང་མེད་པ་དང་། མ་ཟད་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པསོགས་གནས་སྟངས་གསལ་རྟོགས་མེད་པར་ལུས་ཡོད་པ་རེད་འདུག ཕྱི་ཚེས་༡༨ ཉིན་གྱི་ཞོགས་པར་ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་གྲྭ་མང་དང་། ས་གནས་མི་མང་གིས་མཁན་པོ་དཀར་ཚེ་འཇུ་བཟུང་ལ་ངོ་རྒོལ་དང་གློད་གྲོལ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་འདུག དེ་མ་ཐག་ས་གནས་རྫོང་གི་མཐོ་རིམ་མི་སྣ་སླེབས་ནས་ཁྱོད་ཚོས་ལས་འགུལ་དེ་འདྲ་མ་སྤེལ་དང་མཁན་པོ་མགྱོགས་པོར་གློད་གྲོལ་ཡོང་བ་ང་ཚོས་འགན་ཁུར་ཆོག་ཅེས་བརྗོད་པར་བརྟེན་མི་མང་གིས་གོམ་བགྲོད་ལས་འགུལ་མཚམས་འཇོགས་བྱས་ཡོད་འདུག
མཁན་པོ་དཀར་ཚེ་དགོན་པའི་ཆེད་དུ་སྐུ་འདྲ་ཆེན་པོ་ཞིག་བསླུ་བར་འགྲོ་སྐབས་ཕྱི་ཟླ་༡༢ ཚེས་༦ ཉིན་རྒྱ་ནག་ཁྲིན་འདུ་གྲོང་ཁྱེར་ནས་རྒྱ་གཞུང་གིས་གསང་བའི་ཐོག་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང་། མཁན་པོ་དཀར་ཚེ་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ཁོང་དེ་སྔོན་ནས་རྒྱ་གཞུང་གིས་ཐེངས་མང་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་དང་། གལ་སྲིད་ཁོང་ནང་ཆེན་ནས་ས་མཚམས་བརྒལ་ནས་འགྲོ་དགོས་ཚེ་ནང་ཆེན་རྫོང་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎