བོད་དུ་གློག་ཤིང་ཚབ་ཏུ་ལྕཌ་ཀྱི་ཀ་བ་བཟོ་བསྐྲུན།

བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་གློག་ཤུགས་ཀྱི་མི་འདེངས་བའི་དཀའ་ངལ་སེལ་ཐུབ་པའི་རེ་བ་བྱེད་ཐབས་སྐོར་གྱི་གནས་ཚུལ།

2011.05.17

༄༅༎རྒྱ་ནག་གཞུང་གིས་བོད་མདོ་དབུས་སུ་གློག་སྐུད་འཁྲིད་ལམ་གློག་ཤིང་གི་ཚབ་ཏུ་ལྕགས་ཀྱི་ཀ་བ་བཟོ་སྐྲུན་གྱི་ལས་གཞི་དེ་འདི་ལོའི་ལོ་མཇུག་ཏུ་མཇུག་སྒྲིལ་རྒྱུ་ཡིན་པ་དེ་ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་གློག་ཤུགས་ཀྱི་མི་འདེངས་བའི་དཀའ་ངལ་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

དེ་རིང་རྒྱ་ནག་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། གློག་གི་ཀ་བ་བཟོ་སྐྲུན་གྱི་ལས་གཞི་དེའི་འགན་འཛིན་དང༌། རྒྱ་ནག་ནུབ་བྱང་གློག་ཤིང་འཛུགས་སྐྲུན་ལས་ཁང་གི་འགོ་ཁྲིད་ཡུའུ་ཤིང་ཅིའང་གིས། བོད་ནང་དུ་གློག་ཤུགས་ནུས་པའི་ལྕགས་རྒྱུའི་ཀ་བ་་དེའི་ལས་གཞི་བརྒྱ་ཆ་དྲུག་བཅུ་ཙམ་བཟོ་སྐྲུན་བྱས་ཟིན་པ་དང༌། ལས་དོན་ཆ་ཚང་བ་སྔོན་གྱི་འཆར་གཞི་ལས་ལོ་གཅིག་གི་སྔོན་ལ་མཇུག་སྒྲིལ་རྒྱུ་ཡིན་པ་དང༌། གློག་ཤིང་དེའི་ལས་དོན་ཆ་ཚང་བ་མཇུག་སྒྲིལ་པའི་རྗེས་དངོས་སུ་བེད་སྤྱོད་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།

ལས་གཞི་དེ་ནི་གློག་སྐུད་འཁྲིད་བྱེད་གློག་གི་ཀ་བ་བཟོ་སྐྲུན་བྱས་པ་མཐོ་ཤོས་དང༌། དེ་ནི་མཚོ་ཐོག་ནས་མཐོ་ཚད་མི་ཊར་༥༣༠༠་ཡོད་པའི་གདང་ལ་རི་རྒྱུད་དུ་བཟོ་སྐྲུན་བྱས་ཡོད་ཅིང༌། ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་༢༩ ཉིན་བོད་ས་མཐོའི་ཐོག་རྒྱ་ནག་གིས་གློག་གི་ནུས་ཤུགས་མཁོ་འདོན་བྱེད་མཁན་ལྕགས་གི་ཀ་བ་འཛུགས་སྐྲུན་བྱས་པའི་ལས་དོན་གྲུབ་འབྲས་ངོས་འཛིན་བྱས་ཡོད་ལུགས་བཤད་ཡོད་པ་རེད།

ལས་གཞི་དེར་ཨ་རིའི་ཊོ་ལར་ཐེར་འབུམ་གཉིས་དང་ཕྱེད་ཀའི་མ་རྩ་འཛུགས་འཇོག་བྱས་ཡོད་པ་དང༌། གློག་སྐུད་ཀ་བ་དེའི་འབྲེལ་མཐུད་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་ནས་བོད་ཀྱི་རྒྱལ་ས་ལྷ་སར་བར་བཟོས་ཡོད་པ་དང༌། དེའི་ཐོག་རྒྱང་ཚད་ཀི་ལོ་མི་ཊར་༧༥༠ བར་གློག་གི་ནུས་ཤུགས་མཁོ་སྤྲོད་བྱེད་མཁན་གྱི་གློད་སྐུད་འཁྲིས་ཡོད་པ་དེ་ནི། ཟི་ལིང་ནས་གོར་མུག་བར་བེད་སྤྱོད་གཏོང་རྒྱུ་དང༌། དེ་ནས་གོར་མུག་ནས་ལྷ་ས་བར་ཀི་ལོ་མི་ཊར་ཆིག་སྟོང་ལྷག་ཙམ་སར་ཐད་ཀར་གློག་གི་ནུས་ཤུགས་བེད་སྤྱོད་གཏོང་རྒྱུ་ཡོད་པ་ཞིག་ཡིན་པའི་གནས་ཚུལ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎