སུད་སིའི་གྲོང་ཁྱེར་ཛུ་རིཁ་ནང་བོད་ཀྱི་གཞོན་ནུའི་ལས་འགུལ།

སུད་སི་གྲོང་ཁྱེར་ཛུ་རིཁ་ནང་ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ནས་སེམས་ཚོར་ལྡན་པའི་ལས་འགུལ་གྱི་རྣམ་དཔྱོད་བཏོན་ཡོད་པའི་གནས་ཚུལ།

2008.12.11

༄༅༎སུད་སི་གྲོང་ཁྱེར་ཛུ་རིཁ་ནང་ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སུད་སི་ཡུལ་མི་ཚོས་སེམས་འགུལ་དང་དོ་སྣང་བསྐྲུན་ཐབས་སླད་སེམས་ཚོར་ལྡན་པའི་ལས་འགུལ་གྱི་རྣམ་དཔྱོད་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཁ་ས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚེས་ཉིན་སུད་སིར་རྟེན་གཞི་བྱས་པའི་ཡུ་རོབ་ཀྱི་བོད་ཀྱི་གཞོན་ནུ་མཐུན་ཚོགས་ནས་སུད་སི་གྲོང་ཁྱེར་ཆེ་ཤོས་ཛུ་རིཁ་ཀྱི་ཁྲོམ་གཞུང་ཐོག་གློག་ཤུགས་ལ་བརྟེན་པའི་རྒྱུན་ལྡན་འགྲུལ་པ་སྐྱེལ་འདྲེན་གྱི་སྤྱི་སྤྱོད་རླང་འཁོར་ཞིག་བཙོན་ཁང་གི་དབྱིབས་སུ་བཟོ་བཀོད་བྱས་ཏེ་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཇི་ལྟར་བཏང་བ་དང་དམ་བསྒྲགས་ཀྱི་གནས་སྟངས་འོག་བོད་མི་མང་ཚོགས་ཀྱི་གནས་སྟངས་ཇི་ཆགས་སྐོར་ཚོར་སྣང་བསྐྲུན་ཐབས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། རྣམ་དཔྱོད་ཀྱི་ཐོག་ནས་གོང་གསལ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླང་འཁོར་དེའི་སྟེང་རྒྱུན་ལྡན་གྱི་སྒེའུ་ཁུར་ཚབ་བཙོན་ཁང་གི་ལྕགས་རའི་བཟོ་དབྱིབས་དང་ཡང་རླང་འཁོར་གྱི་ཕྱི་ནང་གཉིས་ཀའི་ཐོག་རྒྱ་ནག་གི་བཙན་གནོན་འོག་བོད་མིའི་དཀའ་སྡུག་མཚོན་པའི་ཕྲེད་དར་དང་དྲིལ་བསྒྲགས་ཀྱི་སྦྱར་ཡིག་བསྒྲེངས་འཛུགས་བྱས་ཡོད་འདུག་པ་མ་ཟད་སྤྱི་སྤྱོད་རླང་འཁོར་ནང་གི་འགྲུལ་པ་རྣམ་པ་ལ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་གནས་ལུགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་ཡོད་པ་རེད། གནས་སྟངས་འདི་འདྲའི་འོག་སུད་སི་ཡུལ་མི་ཚོས་བོད་མིའི་དཀའ་སྡུག་གི་མྱོང་ཚོར་མཁྱེན་ཐབས་ཆེད་ཕྲེད་དར་དང་སྦྱར་ཡིག་གི་ནང་དོན་ནང་ལས་ཀར་འགྲོ་རྒྱུའི་ཚབ་ཏུ་བཙོན་ནང་འགྲོ་བ།སློབ་གྲྭར་འགྲོ་རྒྱུའི་ཚབ་ཏུ་བཙོན་ཁང་ནང་འགྲོ་བ་ཞེས་བཀོད་དེ་ད་རེས་ཀྱི་སྤྱི་སྤྱོད་རླང་འཁོར་ནང་འགྲུལ་སྐྱེལ་གནང་པའི་སུད་སི་ཡུལ་མི་ཚོས་བོད་ནང་དམ་བསྒྲགས་ཀྱི་གནས་སྟངས་ལས་དུམ་བུ་ཙམ་ཞིག་མྱོང་ཚོར་འཕེལ་ཐབས་གནང་འདུག་ལ་འགྲུལ་སྐྱེལ་ཡུལ་མི་ཚོ་ལའང་སེམས་འགུལ་ཆེན་པོ་ཐེབས་ཡོད་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎