བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་གཟབ་སྦྱོང་།


2018.12.13
རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ཁག་ལ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ། རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ཁག་ལ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ།
དུས་བབ།

རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་སློབ་གསོ་གཟབ་སྦྱོང་ཟེར་བའི་འཛིན་གྲྭ་ཚོགས་བཅུགས་ཀྱི་ཡོད་པའི་གནས་ཚུལ་འདུག དེ་ཡང་བཞུགས་སྒར་རྡ་རམ་ས་ནས་འདི་གའི་གསར་གསོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་གནས་ཚུལ་བཏང་གསལ་ལྟར་ན།       དེ་སྔོན་ནས་རྒྱ་ནག་གཞུང་གིས་སྲིད་བྱུས་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་དགོན་པ་ཡོད་ཚད་ལ་དོ་དམ་སློབ་གསོའི་ལས་འགུལ་སྤེལ་ཏེ་དགོན་པ་དོ་དམ་ལྷན་ཁང་དང་།      དགོན་པར་བཅའ་སྡོད་ལས་དོན་རུ་ཁག   ཉེན་རྟོག་ཁང་།    མེ་གསོད་རུ་ཁག་སོགས་སྡེ་ཚན་མི་འདྲ་བ་ཁག་མང་པོར་བགོས་ཏེ་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་དང་དུས་རབས་གསར་པའི་བསམ་བློ་གསར་པ་དང་བློ་མཐུན་ཞི་ཅིན་ཕིང་གི་བསམ་བློ་གསར་པ་ཞེས་གྲྭ་བཙུན་རྣམས་ཀྱིས་སྦྱང་དགོས་ཀྱི་ཡོད་པ་རེད་འདུག    ཕྱི་ཚེས་༡༢་ཉིན་ཀྲུང་གོའི་བོད་ལྗོངས་ཟེར་བའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།        འདི་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་གཟབ་སྦྱོང་ཟེར་བའི་འཛིན་གྲྭ་ཐེངས་དང་པོ་དེ་ཚོགས་འགོ་བཙུགས་ཡོད་པ་དང་གཟབ་སྦྱོང་དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་ལུགས།  ཁྲིམས་སྲོལ། དེང་རབས་ཀྱི་ཤེས་བྱ།        ཆོས་ལུགས་ཤེས་བྱ་བཅས་ཕྱོགས་ཡོངས་ཀྱི་ནང་དོན་འབུར་དུ་ཐོན་པ་བཟོ་རྒྱུ་དེ་རེད་ཅེས་བཀོད་ཡོད་འདུག           ཡིན་ན་ཡང་དོན་དངོས་ཐོག་སློབ་གསོ་གཟབ་སྦྱོང་ཟེར་བ་དེའི་རིགས་གསར་པ་མ་ཡིན་པར་དུས་རྒྱུན་ནས་གྲྭ་པ་དང་བཙུན་མ་རྣམས་ལ་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གནང་རྒྱུའི་གོ་སྐབས་བསྐྱུར་ནས་རྒྱ་ནག་གི་རྩ་ཁྲིམས་དང་ཀྲུང་གོའི་ལོ་རྒྱུས་་དེ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཀྱི་ཐོག་ལ་སློབ་འཁྲིད་བྱེད་ཀྱི་ཡོད་པའི་སྐོར་བོད་ནང་གནས་བཞུགས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་འདུག

ཡང་ས་ཕྱོགས་གང་སར་ཡོད་པའི་གྲྭ་བཙུན་རྣམས་རྫོང་ཁུལ་དུ་བསྡུ་རུབ་བཟོས་ཏེ་རྒྱ་ནག་གི་རྩ་ཁྲིམས་དང་རྒྱ་ནག་གི་ལོ་རྒྱུས་སོགས་ཀྱི་སྐོར་སློབ་གསོ་འདྲ་མིན་སྤྲོད་ཀྱི་ཡོད་པའི་གནས་ཚུལ་འདུག།

གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎