ལྷ་ས་གྲོང་ཁྱེར་མངའ་ཁོངས་ཀྱི་ཉེན་རྟོག་འགོ་ཁྲིད་ཞིག་ལ་ཞིབ་བཤེར་དང་བརྟག་དཔྱད་བྱེད་བཞིན་ཡོད་འདུག

2025.01.27
ལྷ་ས་གྲོང་ཁྱེར་མངའ་ཁོངས་ཀྱི་ཉེན་རྟོག་འགོ་ཁྲིད་ཞིག་ལ་ཞིབ་བཤེར་དང་བརྟག་དཔྱད་བྱེད་བཞིན་ཡོད་འདུག ལྷ་ས་གྲོང་ཁྱེར་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ཁྲིན་ཀོན་ཁུལ་ཡན་ལག་ཁང་།
Chinese State Media

ཕྱི་ཟླ་༡པའི་ཚེས་༢༤ཉིན་ལྷ་སའི་རྒྱ་ནག་གི་གསར་ལམ་ཁག་ནང་གནས་ཚུལ་སྤེལ་བའི་ནང་བརྗོད་ན། ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱི་ཁྲིན་ཀོན་(མཁར་ཞོལ)་ཡན་ལག་ཁང་གི་མྱང་ར་དཀྱིལ་ལམ་ཉེན་རྟོག་ས་ཚིགས་ཀྱི་འགོ་ཁྲིད་དང་ཉེན་རྟོག་པའི་གནས་རིམ་གཉིས་པའི་གོ་གནས་ཅན་ཝང་ཆིན་ཝི་ལ་སྒྲིག་གཞི་སྒྲིག་འགལ་དང་འབྲེལ་བའི་དྭོགས་གཞིའི་འོག་ད་ལྟ་ལྷ་ས་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་བརྟག་དཔྱད་ལས་ཁུངས་ནས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་པ་གསལ་འདུག
སྤྱིར་བཏང་རྒྱ་ནག་གཞུང་གིས་སྒྲིག་གཞི་སྒྲིག་འགལ་དང་འབྲེལ་བའི་རྟོག་ཞིབ་བྱེད་པ་ཟེར་བའི་ཚིག་དེ་ནི་ལྐོག་ཟ་རུང་སུངས་གི་གནད་དོན་དང་འབྲེལ་ནས་རྟོག་ཞིབ་བྱེད་པར་བརྗོད་ཀྱི་ཡོད་འདུག
དེའི་སྔོན་ ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་༡༡ཉིན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་གཡིང་ཇེ་(Wu Yingjie)་ཟེར་བར། ལོ་དེའི་ཕྱི་ཟླ་ ༦་པ་ནས་བཟུང་ཞིབ་བཤེར་བྱས་བ་དང་། ཁོས་རྒྱ་ནག་དམར་ཤོག་ལ་དད་སེམས་ཉམས་པ་དང་དམར་ཤོག་གི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཆབ་སྲིད་ཁོར་ཡུག་ལ་གཏོར་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་བཀལ་ཏེ། ཝུའུ་གཡིང་ཇེ་རྒྱ་ནག་དམར་ཤོག་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་ཕུད་ཀྱི་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། འདི་ལོའི་ཟླ་ ༡ ཚེས་ ༢༣ ཉིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་གཙོ་ཟུར་བ་དང་། རྒྱ་ནག་གཞུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་གྲོང་གསེབ་དང་ཞིང་ལས་ལྷན་ཁང་གི་འགོ་གཙོ་གཞོན་པའི་འགན་འཁུར་བཞིན་པ་བོད་རིགས་འགོ་ཁྲིད་ཆེ་དགྲ་ལྷར། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཡོད་སྐོར་བརྗོད་ནས། རྒྱ་ནག་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་དང་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎