༸གོང་ས་མཆོག་ལ་སྲུང་སྐྱོབ་གྲ་སྒྲིག་འཐུས་ཚང་ཞུ་རྒྱུ།

༸གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་ལྟར་རྒྱ་གར་ཉེན་རྟོག་པས་སྲུང་སྐྱོབ་ཀྱི་གྲ་སྒྲིག་འཐུས་ཚང་ཞུ་བཞིན་འདུག

2009.11.07

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅཱལ་པར་རྡེ་ཤི་མངའ་ཁུལ་གྱི་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་ལྟར་ས་མཚམས་མངའ་ཁུལ་དེའི་ནང་རྒྱ་གར་ཉེན་རྟོག་པས་སྲུང་སྐྱོབ་ཀྱི་གྲ་སྒྲིག་འཐུས་ཚང་ཞུ་བཞིན་འདུག

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་རིང་གང་ཅིའི་སྲུང་སྐྱོབ་ཀྱི་གྲ་སྒྲིག་ཆ་ཚང་ཞུས་ཡོད་པ་དང་༸གོང་ས་མཆོག་གི་སྐུ་ཆར་ཉེན་ཁ་རྩ་བ་ནས་མེད་པའི་སྐོར་སྦུ་ལུམ་སྦག་གསར་ལམ་གྱི་བཅར་འདྲི་ཞུ་སྐབས་འགྲེལ་བརྗོད་གནང་འདུག

ཡང་ཁུལ་དེའི་ཉེན་རྟོག་པས་འགོ་ཁྲིད་ཨེ་སི་ནོར་བུ་ལགས་ཀྱིས་རྒྱལ་ས་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་བསྐྱངས་ཡུན་རིང་རྟ་དབང་རྫོང་གིས་ཁྱིམ་མཚེས་རྫོང་སྡེ་ཁག་ནས་བདེ་སྲུང་ཐད་རོགས་རམ་བསླངས་ཡོད་པ་དང་རྟ་དབང་རྫོང་ལ་ཉེན་རྟོག་པ་མི་གྲངས་བརྒྱ་དང་ལྔ་ཡོད་པའི་ཐོག་ཁྱིམ་མཚེས་རྫོང་ཁག་ནས་ཉེན་རྟོག་མི་སྣ་སུམ་བརྒྱ་ཞིག་ཁ་བསྣོན་གྲ་སྒྲིག་ཞུས་ཡོད་སྐོར་འགྲེལ་བརྗོད་ཀྱིས་ཁྱོན་སྲུང་སྐྱོབ་མི་སྣ་བཞི་བརྒྱ་ལྷག་གོ་སྒྲིག་ཞུས་པའི་གྲས་སུ་རྣམ་ཀུན་རྒྱ་གར་གྱི་ཇ་མུ་ཀཤི་མིར་ལྟ་བུའི་མངའ་སྡེ་ཁག་ནང་དྲག་འཐབ་མཁན་ལ་ཁ་གཏད་གཅག་མཁན་རྒྱ་གར་དབུས་གཞུང་གི་ཉེན་རྟོག་དཔུང་སྡེའི་ཁུངས་རྟོགས་ཀྱི་བདེ་འཇགས་མི་སྣ་བརྒྱ་ཡོད་སྐོར་ཨེ་སི་ནོར་བུས་གསུངས་བཞག

སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་སའི་ཕེབས་ལམ་དུ་རྒྱལ་སྒོ་ཆེན་པོ་མང་པོ་བསྒྲེངས་ཡོད་པ་དང་དང་ལངས་ཞབས་ཞུ་བ་ཚོས་ཕེབས་ལམ་གཙང་ཕྱག་ཞུས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུ་རྒྱུའི་གྲ་སྒྲིག་ཞུ་བཞིན་ཡོད་ཅིང་རྟ་དབང་ཁུལ་གྱི་མི་དམངས་གསུམ་ཁྲི་ལྔ་སྟོང་ཙམ་གྱིས་དད་གུས་ཆེན་པོའི་སྒོ་ནས་༸གོང་ས་མཆོག་གི་ཞལ་མཇལ་ཐོབ་རྒྱུའི་ངང་སྒུག་ཞུ་བཞིན་ཡོད་པ་རེད།

༸གོང་ས་མཆོག་བཞུགས་གདན་འཇགས་ཡུལ་རྟ་དབང་ཁུལ་གྱི་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་ཡིས་རྒྱ་ནག་གིས་སྐྱོན་བརྗོད་ཞུ་མིིན་ལ་མ་ལྟོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་ཐོག་མའི་འཆར་འགོད་གནང་བ་གཞི་བཟུང་འགོག་རྐྱེན་མེད་པའི་སྒོ་ནས་གནང་རྒྱུ་ཡིན་སྐོར་སྦུ་ལུམ་སྦག་གསར་ལས་ལ་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎