མེས་རྒྱལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཅེས་པའི་རྒྱ་ནག་གི་དྲིལ་བསྒྲགས།

2020.12.24
མེས་རྒྱལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཅེས་པའི་རྒྱ་ནག་གི་དྲིལ་བསྒྲགས། རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་བུད་མེད་དམག་དཔུང་ཁག་ཅིག་བཏང་ཡོད་པ་ནི།ས་མཚམས་སུ་རྒྱ་གར་ནག་བར་མ་འོངས་པར་དྲག་པོའི་གདུང་ཐུག་གི་གྲ་སྒྲིག་ཅིག་རེད་ཅེས།བོད་ཀྱི་སྲིད་བྱུས་ཉམས་ཞིབ་པས་ངོས་འཛིན་གནང་གི་ཡོད་པ།
པར་ཚགས།

༄༅།།རྒྱ་ནག་གཞུང་གིས་མཐའ་མཚམས་ཡག་པོ་སྲུང་ཚེ་གཞི་ནས་མེས་རྒྱལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ།ཅེས་པའི་དྲིལ་བསྒྲགས་ཀྱི་ལམ་ནས།ཁྲུང་ཆིང་གི་སྦྱོང་བརྡར་ལྟེ་གནས་ཤིག་ནས་ཆ་སྙོམས་ལོ་ཚད་༢༠ཡིན་པའི་བུད་མེད་དམག་མི་བཅོ་ལྔ་ལ།ཟླ་བ་གསུམ་རིང་རྨང་གཞིའི་སྦྱོང་བརྡར་ལེགས་གྲུབ་ཟིན་རྗེས།བོད་ལྗོངས་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་ཏུ་བཏང་ཡོད་པ་སོགས་རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་ཁག་ཏུ་འཁོད་ཡོད་པ་མ་ཟད།ཁོང་ཚོས་མཐའ་མཚམས་སྲུང་བྱ་བསྐོར་གཡེང་གི་ལས་དོན་ཀྱང་བྱ་རྒྱུ་ཡིན་པ་སོགས་འུར་བསྟོད་དང་བཅས་བཀོད་ཡོད་ནི།བཞུགས་སྒར་དུ་རྟེན་གཞི་ཆགས་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ནསརྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་རྙོག་གྲ་མུ་མཐུད་ནས་འགྲོ་མུས་ཀྱི་སྐབས་འདིརདམིགས་བསལ་བུད་མེད་ཀྱི་དམག་དཔུང་རུ་ཁག་བཏང་དོན་ནིམ་འོངས་པར་རྒྱ་གར་ནག་དབར་དྲག་པོའི་གདོང་ཐུག་བྱུང་ན།བུད་མེད་ཀྱིས་བྱ་དགོས་པའི་གནས་སྟངས་མང་པོ་ཞིག་ཡོད་པ་རྣམསདེ་ཚོ་གྲ་སྒྲིག་གི་རྣམ་པའི་ཆེད་བཏང་བཞག་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཁོང་གིས་འཕགས་བོད་ས་མཚམས་ནི་སྤྱིར་བཏང་རྒྱ་གར་ནག་བར་རྩོད་གཞི་ཅན་གྱི་ས་ཆ་ཞིག་ཆགས་ཡོད་ནའང་ད་ལོ་ནང་བཞིན་དྲག་པོའི་གདོང་ཐུག་བྱུང་བ་དང་ཕྱོགས་གཉིས་ནས་དམག་མི་འཕར་གནོན་འགྲེམ་འཇོག་བྱ་དགོས་པ་སོགས་ཛ་དྲག་གནས་སྟངས་ནི་སྤྱི་ལོ་༡༩༦༧ལོར་བོད་དང་འབྲས་ལྗོངས་ས་མཚམས་སུ་དམག་ཅིག་བྱུང་བ་ལསདེ་རྗེས་ཀྱི་ད་ལྟ་ནི་ཛ་དྲག་ཤོས་དང་གནས་སྟངས་སྡུག་ཤོས་ཤིག་ཡིན་པསད་ལྟ་དམིགས་བསལ་བུད་མེད་ཀྱི་དམག་དཔུང་བཏང་བ་ནི་ཐེངས་དང་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

དམིགས་བསལ་བུད་མེད་རུ་ཁག་ཙམ་མིན་པར་ཉེ་ཆར་བདུན་ཕྲག་གཅིག་གི་ནང་མངའ་རིས་ས་ཁུལ་དུ་དམིགས་བསལ་དམག་དཔུང་གིས་སྦྱོང་བརྡར་བྱས་ཡོད་པ་དང་།ལྷག་པར་བུད་མེད་དམག་དཔུང་རྒྱ་ནག་ནས་ཆེད་མངགས་ཧི་མ་ལ་ཡའི་ས་ཁུལ་དུ་འགྲེམ་འཇོག་བྱས་པ་ནི།རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་བརྟན་བརླིང་དགོས་པ་ལ་བོད་བརྟན་བརླིང་དགོས་པ་དང་།བོད་བརྟན་བརླིང་དུ་མཐའ་མཚམས་བརྟན་བརླིང་དགོས་པ་རེད་ཅེས་ནན་བཤད་བྱས་པ་བཞིན།ལང་ཚོ་དར་བའི་བུད་མེད་རྣམས་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བར་འཁྱགས་རོམ་གྱི་ས་མཚམས་སུ་བཏང་ལུགས་སྒྲོག་བཞིན་པ་ནི།བོད་དང་རྒྱ་ནག་ནང་མི་སེམས་འགུགས་པའི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་བཏང་བའི་བུད་མེད་དམག་མི་དེ་ཚོ་དམག་ཚུགས་ནས་མཐའ་སྲུང་ཐོན་ཤོག་གི་བར།སྤྱི་ལེ་༣༠༠ཙམ་དང་རྒྱ་མཚོའི་ངོས་ནས་མཐོ་ཚད་མཱི་ཁྲར་༥༠༠༠ཡན་གྱི་ལ་གཉིས་རེ་བརྒལ་ཡོད་པསབུད་མེད་ཁ་ཤས་ལ་གཟུགས་པོ་མི་བདེ་བའི་གནས་ཚུལ་གྱིསསྨན་པ་ཚོས་དུས་ཐོག་སྨན་བཅོས་བྱས་ཡོད་པ་དང་།ཁོང་ཚོ་ལས་སློབ་གྲྭ་ཆེན་མོ་འགྲིམ་བཞིན་པ་བུད་མེད་དམག་མི་མཱ་ཅེ་ཟེར་བ་ཞིག་གིས།དམག་དཔུང་དུ་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་མཇལ་བའི་ཕུགས་འདུན་ཡོད་པ་དང་།མོ་རང་མཐའ་སྲུང་ཉེན་ཟོན་སྐོར་གཡེང་ནང་ཞུགས་འདུན་ཡོད་པ་དང་།དེའི་ནང་ཞུགས་ན་གཞི་ནས་མིང་དོན་མཚུངས་པའི་མཐའ་སྲུང་འཐབ་འཛིང་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

རྒྱ་གར་དང་རྒྱ་ནག་དབར་འདི་ལོའི་སྤྱི་ཟླ་༦ཚེས་༡༥ཉིན།མཐའ་སྲུང་དམག་མིའི་དབར་འཁྲུག་འཛིང་ཤོར་ཏེ།རྒྱ་གར་དམག་མི་༢༠རྐྱེན་ལམ་དུ་ཤོར་ཡོད་པ་དང་།རྒྱ་ནག་དམག་མི་ཤི་རྨས་ཀྱི་གནས་སྟངས་ཕྱི་ལ་གསལ་བོ་བཤད་མེད་ནའང་།གང་ལྟརདེ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་ཛ་དྲག་གནས་སྟངས་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎