རྒྱ་གར་གྱིས་འཛིན་བཟུང་བྱས་པའི་རྒྱ་མིའི་དམག་མི་རྒྱ་ནག་ལ་རྩིས་སྤྲོད་དགོས་སྐོར་བརྗོད་པ།

2021.01.09
རྒྱ་གར་གྱིས་འཛིན་བཟུང་བྱས་པའི་རྒྱ་མིའི་དམག་མི་རྒྱ་ནག་ལ་རྩིས་སྤྲོད་དགོས་སྐོར་བརྗོད་པ། རྒྱ་གར་གྱིས་འཛིན་བཟུང་བྱས་པའི་རྒྱ་མིའི་དམག་མི་རྒྱ་ནག་ལ་རྩིས་སྤྲོད་དགོས་སྐོར་བརྗོད་པ།
སྤྱི་ཚོགས་དྲ་ལམ།

༄༅།།རུཡེ་ཊར་གསར་ལས་ཁང་གིས་ཕྱི་ཟླ་༡ཚེས་༩ཉིན་གནས་ཚུལ་སྤེལ་བའི་ནང་།རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་གསར་ཤོག་གི་གཉེར་བའི་རྒྱ་ནག་དམག་དོན་གྱི་དྲ་ལམ་ཐོག་རྒྱ་ནག་གི་ས་མཚམས་སྐོར་སྲུང་དམག་མི་ཞིག་རེས་གཟའ་པ་སངས་ཉིན་གར་སོང་ཆ་མེད་དུ་གྱུར་བ་ཁ་ས་རེས་གཟའ་སྤེན་པའི་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།རྒྱ་ནག་གི་ཕྱོགས་ནས་དོན་རྐྱེན་དེའི་སྐོར་རྒྱ་གར་ལ་འབྲེལ་བ་བྱས་རྗེས།རྒྱ་གར་གྱིས་རྒྱ་མིའི་དམག་མི་དེ་བརྙེད་སོན་བྱུང་བ་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ནས་བཀོད་ཁྱབ་འབྱོར་མཚམས་རྩིས་སྤྲོད་བྱ་རྒྱུའི་ལན་རྒྱ་གར་གྱི་སྤྲད་ཡོད་ལུགས་བརྗོད་པ་དང་ཆབས་ཅིག་རྒྱ་གར་གྱི་འཛིན་སྐྱོང་དཔོན་རིགས་ཚོས་དམག་མི་དེ་ཕྲལ་མ་ཉིད་དུ་རྒྱ་ནག་ལ་ཕྱིར་ལོག་བཏང་ནས་རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་ས་མཚམས་ཁུལ་ཞི་བདེ་དང་གཏན་ལྷིང་ཡོང་རྒྱུའི་འགན་མཉམ་མཁྱེར་བྱེད་དགོས་སྐོར་གོང་ཞུས་རྒྱ་ནག་གི་དམག་མིའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་བཀོད་འདུག རྩ་བའི་ཆར་ཕྱི་ཟླ་༡ཚེས་༧ཉིན་རྒྱ་མིའི་དམག་མི་ཞིག་བྱང་ཕྱོགས་ལ་དྭགས་ཀྱི་རི་རྫོང་ལའི་ས་མཚམས་སུ་སིམ་འཛུལ་བྱུང་བར་བརྟེན་དོ་དམ་བྱས་ཡོད་པ་དང་། ད་ལྟའི་ཆར་ཡུལ་གཉིས་ཀྱི་སྒྲིག་ཁྲིམས་གཞིར་བཟུང་ཁོ་པའི་ཐོག་ཞིབ་མཇུག་བྱེད་བཞིན་ཡོད་པ་རེད་བཞག
ཁ་སང་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་དམག་དོན་ཚན་པའི་འབྲེལ་ཡོད་ལས་ཁུངས་ནས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། འདི་ཚེས་༨ཉིན་རྒྱ་མིའི་དམག་མི་ཞིག་རྒྱས་བཅད་ས་མཚམས་འགལ་ཏེ་རི་རྫོང་ལའི་ཁུལ་སིམ་འཛུལ་བྱུང་བ་ཤེས་རྟོག་བྱུང་བ་ལྟར་དོ་དམ་འོག་བཞག་ཡོད་ཀྱང་།དགོས་ངེས་ཀྱི་ཞིབ་བཤེར་བྱེད་བཞིན་ཡོད་ལ་རྒྱ་ནག་གི་འབྲེལ་ཡོད་ཚོའི་མཉམ་དུའང་གནད་དོན་འདིའི་ཐོག་གྲོས་བསྡུར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།སྤྱིར་བཏང་སྔ་ལོའི་ཕྱི་ཟླ་བ་༥པ་ནས་བཟུང་ལ་དྭགས་ས་མཚམས་སུ་རྒྱ་ནག་བཅིངས་བཀྲོལ་དམག་མི་ཚོས་རྒྱས་བཅད་ས་ཐིག་འགལ་ཏེ་སིམ་འཛུལ་བྱས་པ་ཙམ་མ་ཡིན་པར་ཡང་སེ་རྒྱ་གར་ཕྱོགས་སུ་བསུན་བརྩེར་བཟོས་པ་སོགས་ཀྱིས་མཐའ་མ་ཕྱོགས་གཉིས་ཀའི་དམག་མིའི་དབར་གདོང་ཐུག་བྱུང་ཏེ་རྒྱ་གར་གྱི་དམག་མི་ཉི་ཤུ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་།རྒྱ་མིའི་དམག་མི་ཡང་གྲངས་ཚད་དམིགས་བསལ་གསལ་ཁ་བཏོན་མེད་ཀྱང་དེ་བས་མང་བའི་ཚེ་སྲོག་ཤོར་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་ཡུལ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ད་བར་ཞི་དྲག་གཉིས་ཀའི་འབྲེལ་ཡོད་དཔོན་རིགས་དབར་གྲོས་མོལ་རིམ་པ་གནང་ཡང་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎