བོད་ནང་གི་གདང་ལ་རི་བོའི་ཁུལ་དུ་རྒྱ་ནག་གིས་དམག་སྦྱོང་བྱེད་བཞིན་ཡོད་འདུག


2020.06.03
རྒྱ་བོད་ས་མཚམས་གྱི་དམག་མི། རྒྱ་བོད་ས་མཚམས་གྱི་དམག་མི།
IE

རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་ཡང་ཡང་ཡོང་བཞིན་པའི་སྐབས་བོད་ནང་གི་གདང་ལ་རི་བོའི་ཁུལ་དུ་རྒྱ་ནག་གིས་དམག་སྦྱོང་བྱེད་བཞིན་ཡོད་འདུག
འདི་ཚེས་༣་རེས་གཟའ་ལྷག་པ་ཉིན། རྒྱ་གར་གྱི་ཧིན་རྡུ་གསར་ཁང་གིས་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་(Global Times)་ཞེས་པས་སྤེལ་བའི་གནས་ཚུལ་ལུང་འདྲེན་གྱིས། རྒྱ་ནག་གིས་བོད་ཀྱི་ས་མཐོའི་སྟེང་དམག་སྦྱོང་བྱེད་བཞིན་པའི་གནས་ཚུལ་སྤེལ་འདུག
གོང་ཞུས་རྒྱ་ནག་བཅིངས་བཀྲོལ་དམག་མིའི་དམག་སྦྱོང་དེ་བོད་ནང་གི་གདང་ལ་རི་བོའི་ས་ཁུལ་དུ་བྱེད་པ་དང་། དེ་ནི་བོད་དབུས་ཕྱོགས་དང་ཨ་མདོའི་ས་ཁུལ་གྱི་ཉེ་འདབས་ཆགས་ཀྱི་ཡོད་སྐོར་གནས་ཚུལ་དེའི་ནང་བཀོད་འདུག
ཡང་རྒྱ་གར་གྱི་གསར་ཤོག་དེས་རྒྱ་ནག་གི་གསར་ཤོག་དེ་ལུང་འདྲེན་གྱིས། རྒྱ་ནག་དང་རྒྱ་གར་གྱི་རྒྱལ་ཁབ་གཉིས་ས་མཐོའི་ས་ཁུལ་དུ་ས་མཚམས་ཡོད་རབས་དང་། རྒྱལ་ཁབ་གཉིས་ཀྱི་དྲག་པོའི་དཔུང་དམག་བར་གནས་ཚུལ་བྱུང་ཡོད་ལུགས་དང་། ཕྱོགས་གཉིས་ཀས་ས་མཚམས་ས་ཁུལ་དུ་དྲག་པོའི་དཔུང་དམག་མང་དུ་བཏང་ཡོད་པའི་སྐོར་ལུང་འདྲེན་བྱེད་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་(Rajnath Singh)་ཡིས། རྒྱ་གར་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་རྒྱ་ནག་གི་དྲག་པོའི་དཔུང་དམག་མང་པོ་ཞིག་དཔུང་འཇུག་བྱས་ཡོད་པའི་གནས་ཚུལ་དེ་ཐོག་མར་ངོས་ལེན་བྱས་ཡོད་པ་རེད། ཁོང་གིས་ཕྱོགས་གཉིས་བར་གྱི་ས་མཚམས་ཀྱི་དཀའ་རྙོག་དེའི་སྐོར་ཕྱི་ཚེས་ ༦་ཉིན་བཀའ་མོལ་གནང་རྒྱུ་ཡིན་པའི་སྐོར་གསུང་ཡོད་པ་རེད།
རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་ས་ཁུལ་དུ་དྲག་པོའི་དཔུང་དམག་གི་གདོང་ཐུག་དེ་ས་ཁུལ་ཁག་བཞིའི་ནང་བྱུང་བཞིན་ཡོད་པ་དང་། རེས་གཟའ་མིག་དམར་ཉིན་ཕྱོགས་གཉིས་ཀྱི་དྲག་པོའི་དཔུང་དམག་གི་འགོ་ཁྲིད་བར་གྱི་གྲོས་མོལ་དེར་ཐག་ཆོད་པའི་བཀའ་མོལ་བྱུང་མེད་པ་རེད་འདུག
ད་ལྟའི་ཆར་རྒྱ་ནག་གིས་ད་ཐེངས་བོད་ནང་དྲག་པོའི་དཔུང་དམག་གི་དམག་སྦྱོང་བྱེད་པའི་གནས་ཚུལ་འདིའི་ཐད་རྒྱ་གར་གཞུང་ཕྱོགས་ནས་འདི་བྱ་འདི་མིན་གྱི་གནས་ཚུལ་གང་ཡང་གསུང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎