རྒྱ་ནག་བཅིངས་འགྲོལ་དམག་གིས་རྒྱ་གར་གྱི་ས་མཚམས་ཉེ་འཁྲིས་སུ་དམག་མི་འགྲེམས་འཇོག


2020.08.01
རྒྱ་ནག་བཅིངས་འགྲོལ་དམག་གིས་རྒྱ་གར་གྱི་ས་མཚམས་ཉེ་འཁྲིས་སུ་དམག་མི་འགྲེམས་འཇོག རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མི།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གིས་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་་ཨུཏ་ར་ཁནྜི་(Uttarakhand)གྱི་ལི་པུ་ལེཁ་(Lipulekh)ཞེས་པའི་ས་མཚམས་ས་གནས་སུ་བཅིངས་འགྲོལ་དམག་མིའི་དཔུང་སྡེ་ཞིག་འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ཚེས་གཅིག་ཉིན་རྒྱ་གར་གྱི་Hindustan Times ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མི་ལི་པུ་ལེཁ་ལ་མཚམས་དང་བྱང་ཕྱོགས་འབྲས་ལྗོངས་དང་། ཨ་རུ་ཎ་ཅལ་མངའ་སྡེ་བཅས་སུ་དམག་མི་གསོག་འཇོག་བྱེད་ཀྱི་ཡོད་ལུགས་རྒྱ་གར་གྱི་དམག་སྤྱི་མཐོ་གྲས་ཤིག་གིས་གསུངས་ཡོད་འདུག ལི་པུ་ལེཁ་ལ་མཚམས་ནི་མ་ཕམ་གཡུ་མཚོའམ་མཱན་ས་རོ་ཝར་(Mansarovar)གྱི་འགྲུལ་ལམ་དུ་ཡོད་ཅིང་ཟླ་བ་ཁ་ཤས་གོང་རྒྱ་གར་གྱིས་རྒྱང་ཚད་ཀི་ལོ་མི་ཊར་༨༠ཡོད་པའི་རྒྱ་ལམ་འཛུགས་སྐྲུན་སྐབས་བལ་ཡུལ་གྱིས་སྐྱོན་བརྗོད་བྱས་ཡོད་པ་རེད། ལི་པུ་ལེཁ་ས་མཚམས་སུ་ཕྱི་ཟླ་དྲུག་པ་ནས་བཅུ་པའི་བར་རྒྱ་གར་དང་རྒྱ་ནག་དབར་ལོ་རེའི་ཚོང་དོན་གཉེར་ཡུལ་ཡིན་ཡང་བར་ལམ་ནས་བལ་ཡུལ་གྱིས་ཀ་ལ་པ་ནི་(Kalapani)ས་ཁུལ་གྱི་ས་ཁྲར་འགྱུར་བ་བཏང་ནས་ལི་པུ་ལེཁ་བལ་ཡུལ་ཁོངས་སུ་བརྩིས་ནས་ད་ཆ་ས་ཁུལ་དེར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མི་ཆིག་སྟོང་ཙམ་གནས་སྤོ་བྱས་ཡོད་འདུག དེ་རྗེས་རྒྱ་ནག་ནས་ཀྱང་དེ་མཚུངས་དམག་མི་འཕར་སྣོན་བྱས་ཡོད་ལུཌ་རྒྱ་གར་གྱི་དམག་དཔོན་ཞིག་གིས་གསུངས་ཡོད་འདུག ཡང་གནས་ཚུལ་ནང་ཐོན་པར་གཞིགས་ནས་རྒྱ་གར་གྱིས་ཨ་མི་རི་ཀ་དང་། ར་ཤི་ཡ། ཡོ་རོབ་བཅས་ནས་ས་མཐོའི་ཛ་དྲག་དམག་ཆས་སོཌ་མཁོ་སྒྲུབ་དགོས་པའི་བཀོད་ཁྱབ་རྒྱ་གར་གྱི་འབྲེལ་ཡོད་གཞུང་ཚབ་ཁང་ཁག་ལ་བཏང་ཟིན་ཡོད་ཅིང་ཛ་དྲག་བྱུང་ཚེ་བྱང་ཕྱོགས་སའེ་ཆན་(Saichen)འཁྱགས་རོམ་ནང་གསོག་འཇོག་བྱས་པའི་དམག་ཆས་འོར་འདྲེན་བྱེད་རྩིས་ཡོད་འདུག

རྒྱ་གར་གྱི་དམག་དཔོན་གཅིག་གིས་བརྗོད་ན། རྒྱ་ནག་བཅིངས་འགྲོལ་དམག་མིས་བཙན་འཛུལ་བྱས་པའི་རྗེས་ང་ཚོས་རྒྱ་ནག་ལ་ཡིད་ཆེས་བརླགས་སོང་ལ།༢༠༢༡ལོའི་དབྱར་དུས་རྒྱ་མིའི་དཔུང་དམག་པང་སྒོང་མཚོའི་བྱང་ཕྱོགས་བསྐྱར་དུ་མདུན་བསྐྱོད་བྱ་རྒྱུའི་འཇིགས་སྣང་འདུག་ཅེས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎