སྤྱི་འཐུས་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
2015.02.09
ཚོགས་གཙོ་མཆོག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དང་རྒྱལ་གཅེས་དཔའ་བོའི་རྡོ་རིང་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོར་ཕེབས་རྒྱུ།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དེ་རིང་ཚེས་༩ནས་༡༤བར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དགུ་པ་དེ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་གཏན་འཁེལ་གནང་བ་བཞིན་བསྐོངས་འཚོགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་གནང་བ་བཞིན་རྡ་ས་ནས་གཞུང་འབྲེལ་ཕེབས་ཐོན་གནང་ཡོད་པ་རེད།
ཚོགས་གཙོ་མཆོག་གིས་ཚེས་༡༢ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་རུ་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་མཇལ་འཕྲད་དང་། ཚེས་༡༣ཉིན་ད་ལྟ་ཚོགས་གནང་བཞིན་པའི་ཐེངས་དགུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ལས་རིམ་དུ་ཕེབས་ཏེ་དེར་ཡོད་སློབ་དགེ་རྣམ་པར་གསུང་བཤད་གནང་རྒྱུ། དེ་རྗེས་ཚེས་༡༥ཉིན་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོའི་རྡོ་རིང་གསར་བཞེང་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་གདན་ཞུ་གནང་བ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་དབྱངས་སྒྲོལ།