ཁེ་ཎ་ཌའི་ནང་བོད་མི་གཞོན་སྐྱེས་ཁག་ཅིག་གིས་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ལྷག་ལ་བོད་དོན་རྒྱང་རྒྱུག་གི་ལས་འགུལ་སྤེལ་འདུག

2022.10.20
ཁེ་ཎ་ཌའི་ནང་བོད་མི་གཞོན་སྐྱེས་ཁག་ཅིག་གིས་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ལྷག་ལ་བོད་དོན་རྒྱང་རྒྱུག་གི་ལས་འགུལ་སྤེལ་འདུག ཁེ་ཎ་ཌའི་ནང་བོད་མི་གཞོན་སྐྱེས་ཁག་ཅིག་གིས་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ལྷག་ལ་བོད་དོན་རྒྱང་རྒྱུག་གི་ལས་འགུལ་མཇུག་སྒྲིལ་སྐབས། ༡༠།༢༩།༢༠༢༢
ཨྱོན། /RFA

སྤྱི་ཟླ་༡༠བའི་ཚེས་༡ནས་༡༩བར་ཉིན་གྲངས་བཅུ་དགུའི་རིང་། ཁེ་ཎ་ཌའི་ནང་བོད་མི་གཞོན་སྐྱེས་བདུན་གྱིས་རེས་མོས་ཀྱིས་ཁྱོན་རྒྱང་ཐག་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ལྷག་ལ་བོད་དོན་རྒྱང་རྒྱུག་གི་ལས་འགུལ་ཐེངས་གསུམ་པ་སྤེལ་ནས་འདི་ཚེས་༡༩ཉིན། ཀྲོ་རོན་ཀྲོ་(Toronto)་གྲོང་ཁྱེར་གྱི་(St. George)་རུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་བོད་མི་མང་པོ་མཉམ་འཛོམས་དགའ་བསུ་དང་བཅས་ལས་འགུལ་མཇུག་སྒྲིལ་ཡོད་པ་དང་། སྐསབ་དེར་མངའ་སྡེའི་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཆེད་དུ་ཕེབས་ནས། ཁོང་རྣམ་པའི་ལས་འགུལ་ལ་རྒྱབ་སྐྱོར་བསྔགས་བརྗོད་ཀྱི་གཏམ་བཤད་གནང་བ་དང་། དགའ་བསུའི་ཁ་བཏགས་སྒྲོན་ཡོད་པ་རེད།
རྒྱང་རྒྱུག་མཁན་པདྨ་ཀུན་དགའ་ལགས་ཀྱིས་གསུང་ན། ད་ཐེངས་བོད་དོན་ཆེད་རྒྱང་རྒྱུག་ལས་འགུལ་ལ་བར་ཆད་མེད་པར་སྤེལ་ཐུབ་པ་བྱུང་བར་དགའ་སྤོབས་བྱུང་། རྒྱང་རྒྱུག་ལས་འགུལ་བརྒྱུད་ལོ་རེ་བཞིན་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་གནང་མཁན་གང་ལེགས་ཡོང་བཞིན་པ་དང་། དེ་བཞིན་རྒྱང་རྒྱུག་ནང་མཉམ་ཞུགས་གནང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས་བོད་ལ་རང་བཙན་མ་འཐོབ་པའི་བར་དུ་རྒྱང་རྒྱུག་ལས་འགུལ་མུ་མཐུད་གནང་རྒྱུ་ཡིན་པ་གསུང་བྱུང་།
གཞན་རྒྱང་རྒྱུག་པ་བསྟན་འཛིན་ཤེས་སྒྲུབ་ལགས་ཀྱིས། བོད་ས་རྒྱ་ནག་གིས་བཙན་བཟུང་བྱས་ནས་ཁོང་གི་ཕ་མ་གཉིས་བོད་ལ་ལོག་མ་ཐུབ་པར་རྒྱ་གར་དུ་འདས་གྲོངས་སུ་ཕྱིན་པ་དང་། ཁོང་གི་ཐོག་ལ་ཡང་དེ་བཞིན་ཡོང་སྲིད་པས་བོད་མིའི་མི་རབས་གསར་པའི་ཆེད་དུ་རྒྱང་རྒྱུག་ནང་ཞུགས་ནས་བོད་དོན་བདེན་མཐའ་སེལ་སླད་མི་རིགས་གཞན་ལ་གོ་རྟོགས་དང་རྒྱབ་སྐྱོར་འཚོལ་ཐབས་བྱས་བ་བརྗོད་བྱུང་།
ད་ཐེངས་ཀྱི་བོད་དོན་རྒྱང་རྒྱུག་ལས་འགུལ་དེ་ཟླ་༡༠བའི་ཚེས་༡ཉིན། ཀྲོ་རོན་ཀྲོ་(Toronto)་གྲོང་ཁྱེར་གྱི་(St. George)་རུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་ནས་འགོ་བཙུགས་ནས། (Montreal)་ལ་ཡོད་པའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་བར་དང་། དེ་ནས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་ཡོད་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ལས་ཁུངས་མདུན་བར། དེ་ནས་ཕྱིར་ཀྲོ་རོན་ཀྲོ་རུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་བར་ཁྱོན་སྤྱི་ལེ་༡༣༠༠ལྷག་ལ་གཞོན་སྐྱེས་ལྔ་ཡིས་རེས་མོས་རྒྱང་རྒྱུག་བྱས་ཡོད་པ་དང་། གཞོན་སྐྱེས་གཉིས་རྐང་འཁོར་བཞོན་ནས་ལམ་ཁྲིད་དང་རོགས་རམ་བྱས་ཡོད་པ་རེད།

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎