པ་ཀི་སི་ཐན་གྱིས་རྡུལ་ཕྲན་ནུས་པའི་མེ་ཤུཌ་འཕུར་མདེལ་ཚོད་ལྟ།

པ་ཀི་སི་ཐན་གྱིས་རྡུལ་ཕྲན་གོ་མཚོན་གྱི་ནུས་ཤུགས་ལྡན་པའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་པ་ལམ་ལྷོང་བྱུང་ཡོད་པའི་གནས་ཚུལ།

2010.12.21

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གྱིས་རྡུལ་ཕྲན་གོ་མཚོན་གྱི་ནུས་ཤུགས་ལྡན་པའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་པ་ལམ་ལྷོང་བྱུང་ཡོད་པའི་གནས་ཚུལ་ཐོན་བཞག

དེ་ཡང་པ་ཀི་སི་ཐན་གྱི་དམག་དོན་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། མེ་ཤུགས་འཕུར་མདེལ་དེ་ནི་རྡུལ་ཕྲན་གོ་མཚོན་འཁྱེར་ཐུབ་པའི་ནུས་ཤུགས་ལྡན་པའི་ཁར་གོ་མཚོན་ཐོགས་པའི་མེ་ཤུགས་འཕུར་མདེལ་ཞིག་ཡིན་པ་དང༌། དེའང་རྒྱང་ཚད་ཀི་ལོ་མི་ཊར་ཆིག་སྟོང་གསུམ་རྒྱ་ཙམ་འཕེན་ཐུབ་པའི་ནུས་པ་ལྡན་ཡོད་པའི་སྐོར་བཀོད་ཡོད་པ་མ་ཟད། ད་རེས་ཀྱི་ཚོད་ལྟའི་ལས་དོན་དེ་ནི་པ་ཀི་སི་ཐན་གྱི་དམག་དོན་ཐབས་ཇུས་ལས་ཁང་གིས་ས་ཐོག་གི་དམག་རྩལ་སྦྱོང་བརྡར་གྱི་ལས་དོན་མཇུག་སྒྲིལ་བའི་ཉིན་བྱས་པའི་གནས་ཚུལ་བཀོད་ཡོད་པ་རེད། པ་ཀི་སི་ཐན་གྱི་སྲིད་བློན་ཡུ་སུཕ་ར་ཛི་གི་ལ་ནི་དང༌། དམག་སྤྱི་ཀ་ལིརྡ་ཤའ་མིན་ དེ་བཞིན་མཐོ་རིམ་དམག་དཔོན་ཁག་ཅིག་བཅས་མེ་ཤུགས་འཕུར་མདེལ་ཚོད་ལྟའི་ལས་དོན་ནང་གཟིགས་རྟོགས་གནང་བར་ཕེབས་ཡོད་པ་དང༌། སྲིད་བློན་མཆོག་གིས། ང་ཚོས་ད་རེས་མེ་ཤུགས་འཕུར་མདེལ་ཚོད་ལྟའི་ལས་དོན་ལམ་ལྷོང་བྱུང་བ་ནི་ང་ཚོའི་རྒྱལ་ཁབ་ཀྱི་སྤོབས་པ་་ཡིན་པ་དང༌། ང་ཚོའི་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ལ་གུས་བཏུད་ཞུ་རྒྱུ་ཡིན་ཞེས་དང༌། ང་ཚོ་པ་ཀི་སི་ཐན་ངོས་ནས་རང་གི་རྒྱལ་ཁབ་རྒྱལ་སྲུང་ཐུབ་པའི་ནུས་སྟོབས་ལྡན་ཡོད་པ་དེ་བློ་སྟོབས་སྐྱེས་གཞི་ཡིན་པ་མ་ཟད། ང་ཚོའི་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་དང་རྒྱལ་ནང་ཞི་བདེ་སྐྲུན་ཐབས་ལ་ཡིད་ཆེས་སྐྲུན་ཐུབ་པ་ཞིག་ཡིན་པའི་ཁར། ད་རེས་ཀྱི་ཚོད་ལྟའི་ལས་དོན་དེ་ཡིས་པ་ཀི་སི་ཐན་རྒྱལ་ཁབ་རྒྱལ་སྲུང་གི་ནུས་སྟོབས་་ལྡན་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་བརྡ་གསལ་པོ་ཞིག་སྤྲད་ཡོད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎