ཨ་རིས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡར་རྒྱས་སྐོར།

ཨ་རིའི་སྲིད་འཛིན་མཆོག་གིས་ཨ་མི་རི་ཀས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་དམ་ཟབ་གནང་རྒྱུ་ཡིན་སྐོར་ནན་བརྗོད་གནང་འདུག

2009.11.14

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཁ་ས་ཉི་ཧོང་ནང་རྒྱ་ནག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་བཏང་བ་དང་ཆབས་ཅིག་རྒྱལ་སྤྱིའི་ནང་འགན་འཁུར་ཡང་ཆེ་ཙམ་ལེན་དགོས་རྒྱུ་དང་སླད་ཕྱིན་ཨ་མི་རི་ཀས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་དམ་ཟབ་གནང་རྒྱུ་ཡིན་སྐོར་ནན་བརྗོད་གནང་འདུག

རྒྱལ་ས་ཀྲོག་ཡོའི་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་གི་གནས་ཡོད་མི་སྣ་༡༥༠༠ཙམ་འདུས་པའི་དབུས་སུ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་དུས་ཡུན་སྐར་མ་བཞི་བཅུ་རིང་གསུང་བཤད་གནང་བའི་སྐབས་སུ་ད་ལྟའི་སྐབས་འདིར་འཛམ་གླིང་ནང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་ཧ་ཅང་མྱུང་པོ་ཡོད་པའི་ཨེ་ཤེ་ཡའི་མངའ་ཁུལ་དང་ཨ་རིའི་དབར་བར་ལམ་འབྲེལ་བ་ཆུང་དུ་ཕྱིན་པའི་དུས་མཚམས་དེ་ད་ཆ་མཇུག་སྒྲིལ་ཟིན་པ་དང་ཨ་མི་རི་ཀ་དང་མཐུན་ཕྱོགས་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ད་ཕྱིན་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་སྡིག་རར་འཇིགས་སྣང་ནམ་ཡང་བྱ་རྒྱུ་མིན་སྐོར་གསུངས་བཞག

ཡང་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རང་ཉིད་ཨ་མི་རི་ཀའི་ཞི་བདེ་རྒྱ་མཚོའི་སྲིད་འཛིན་ཐོག་མ་དེ་ཡིན་སྐོར་གསུངས་ཏེ་ཨ་མི་རི་ཀས་ཨི་རག་དང་དང་ཨཕ་ག་ནི་སི་ཐན་གཉིས་ནང་དམག་འཐབ་བྱེད་མིན་ལ་མ་ལྟོས་པར་ཨ་མི་རི་ཀ་གཞུང་ནས་ཨེ་ཤེ་ཡ་མངའ་ཁུལ་གྱི་བདེ་འཇགས་ཐད་ཐུགས་འཁུར་ཆེན་པོ་བཞེས་རྒྱུའི་ཞལ་བཞེས་གནང་འདུག

ཡང་སྲིད་འཛིན་གྱི་གསུང་བཤད་ནང་གང་ཅིའི་ཐད་ཡར་རྒྱས་གོང་འཕེལ་ཤུགས་ཆེ་འགྲོ་བཞིན་པའི་རྒྱ་ནག་གི་ནུས་ཤུགས་ཆུང་དུ་གཏང་ཐབས་མ་བྱས་པར་རྒྱ་ནག་མཉམ་ཕན་ཚུན་མོས་མཐུན་ཡོད་པའི་གནད་དོན་ཐད་འབྲེལ་ལམ་བཟང་དུ་གཏང་རྒྱུ་དེ་གལ་ཆེ་ཡིན་པ་དང་རྒྱ་ནག་དེ་བཞིན་སྟོབས་ཤུགས་དང་བདེ་སྐྱིད་ཕུན་གསུམ་ཚོགས་པའི་རྒྱལ་ཁབ་ཅིག་ཆགས་པ་ཡིན་ན་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནུས་ཤུགས་གོང་མཐོར་འགྲོ་རྒྱུའི་ཆ་རྐྱེན་ཞིག་ལ་བསྒྱུར་རྒྱུ་ཡིན་སྐོར་གསུངས་བཞག ཡང་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་ཨ་མི་རི་ཀའི་བློ་འཚབ་ཆེན་པོ་ཡོད་པའི་བཀའ་མོལ་རྒྱ་ནག་ལ་གསུང་རྒྱུ་ཡིན་སྐོར་གསུངས་ཡོད་ནའང་དམིགས་བསལ་བོད་དོན་སྐོར་བཀའ་མོལ་གང་ཡང་འགྲེལ་བརྗོད་གནང་མི་འདུག སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཉི་ཧོང་ནང་གི་གཟིགས་སྐོར་གྲུབ་ནས་རེས་གཟའ་སྤེན་པའི་སྔ་དྲོ་སིང་ག་པོར་ཕྱོགས་སུ་ཕེབས་ཐོན་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎