གྲོས་ཆོད་དོན་ཚན་བཅུ་གཏན་འབེབས་གནང་འདུག།


2016.10.05
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་བ་མི་ནེ་སོ་ཊར་ཚོགས་སྐབས། ༢༠༡༦།༡༠།༡ བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་བ་མི་ནེ་སོ་ཊར་ཚོགས་སྐབས། ༢༠༡༦།༡༠།༡
སྒྲོལ་དཀར།/RFA

བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཚེས་༢་བར་གྱི་ཉིན་གཉིས་རིང་ཨ་རིའི་མ་ཎི་སོ་ཀྲའི་ནང་འཚོགས་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་གྲོས་ཆོད་༡༠་གཏན་འབེབས་གནང་འདུག།
ཚོགས་ཆེན་དེའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་ནི་དང་པོ། སྔོན་འགྲོ་དང་འཛིན་རིམ་དང་པོ་ནས་ལྔ་བ་བར་གྱི་སློབ་དེབ་རྩོམ་སྒྲིག་གནང་མཁན་དང་། ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་བསྐྱར་ཞིབ་དང་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཨ་རིའི་དོན་ཁང་དང་འབྲེལ་ཡོད་ཚེ་དབང་ཕུན་ཚོགས་ལགས་དང་བསྟན་འཛིན་དབྱིངས་ལགས་ལ་ལེགས་གསོའི་བཀའ་དྲིན་ཆེ་ཞུ། གཉིས་བ། ཚོགས་འདུའི་ཐོག་དམིགས་བསལ་འཛིན་རིམ་གཉིས་པའི་སློབ་དེབ་ནང་དག་ཡིག་དང་རྟགས་འཇུག བརྡ་སྤྲོད་དང་མ་མཐུན་པའི་གནད་དོན་ཁག་ཚོགས་མི་རྣམ་པས་དགོངས་ཚུལ་སྦྱང་བཤད་ཞུས་པར་གསལ་བཤད་ཀྱིས་དག་པ་རྣམས་ཕུད་གཞན་དགོངས་ཚུལ་བྱུང་བ་རྣམས་སློབ་དེབ་རྩོམ་སྒྲིག་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ནས་བློ་ངེས་བྱུང་ཐོག་སྐབས་འཕྲལ་བརྡ་སྤྲོད་དང་མ་མཐུན་པ་ཁག་བསྒྱུར་བཅོས་ཀྱིས་ཤེས་རིག་ལས་ཁུངས་ནས་དོན་ཁང་བརྒྱུད་ས་གནས་སོ་སོར་གཏོང་རྒྱུ།
གསུམ་པ། ས་གནས་ཁག་ཅིག་གིས་སློབ་དེབ་བསྐྱར་ཞིབ་དང་འགྲེམས་སྤེལ་ཟིན་པའི་སློབ་དེབ་ས་གནས་སུ་མ་བཏང་གོང་རགས་ཟིན་ཚོད་ལྟ་གནང་ཟིན་པ་ཁག་ཕུད་ས་གནས་གཞན་སོ་སོར་སྔོན་འགྲོ་དང་འཛིན་རིམ་དང་པོའི་སློབ་དེབ་རྣམས་ལག་བསྟར་ཞུ་རྒྱུ།
འཛིན་རིམ་གཉིས་པའི་སློབ་དེབ་ནང་བརྡ་སྤྲོད་དང་མ་མཐུན་པའི་རིགས་ཕུད་གཞན་རྣམས་ཚོད་ལྟ་གནང་སྟེ་ས་གནས་སོ་སོའི་དགེ་རྒན་ཐུན་མོང་གི་བསམ་ཚུལ་ཇི་ཡོད་ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༢་ཚེས་༡༥་ནང་ཚུད་ཨ་རི་དོན་གཅོད་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ་སོགས་གྲོས་ཆོད་༡༠་གཏན་འབེབས་གནང་བ་དང་།
ཚོགས་འདུ་ཐེངས་དྲུག་པ་དེ་པོཌ་ལེནཌ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་བསྒྲིགས་ཞུ་རྒྱུའི་ཐུགས་གཏན་འཁེལ་ཡོད་འདུག
ད་ཐེངས་བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲའི་ཚོགས་ཆེན་ཐེངས་ལྔ་པ་དེ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་བསྒྲིགས་གནང་བ་དང་། མ་ཎི་སོ་ཀྲ་བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་གནང་བ་ཞིག་ཡིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎