ཡུམ་ཆེན་བསོད་ནམས་སྒྲོལ་མ་སྐུ་གཤེགས་པ།

༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡུམ་ཆེན་བསོད་ནམས་སྒྲོལ་མ་མཆོག་དེ་རིང་ཚེས་༢༩ཉིན་པེ་ཅིན་སྨན་ཁང་ཞིག་དུ་དགོངས་པ་རྫོགས་འདུག།

2012.06.29

བོད་ནས་གནས་ཚུལ་འབྱོར་བར་གཞིགས་ན།    ཚེས་༢༩ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་༧ ཀུན་གཟུགས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་ཡུམ་བསོད་ནམས་སྒྲོལ་མ་མཆོག་སྨན་ཁང་དུ་དགོངས་པ་རྫོགས་ཡོད་པ་དང་། སྐབས་དེར་དགུང་གྲངས་༩༧ལ་ཕེབས་ཀྱི་ཡོད་འདུག  དེ་མ་ཐག་སྐུ་ཕུང་ཟི་ལིང་བརྒྱུད་ཕ་ཡུལ་བིས་མདོ་ལ་གདན་འདྲེན་ཞུ་བཞིན་པ་དང་། ད་ཆ་འཁྲུངས་ཡུལ་རྡོ་སྦིས་བིས་མདོ་གཙོས། རྐ་རིོང་དང་། རྐང་ཚ་སོགས་མདོ་སྨད་ཡུལ་གྱི་ས་ཁུལ་མི་ཉུང་བ་ན་བསྔོ་སྨོན་མཆོད་འབུལ་བྱེད་བཞིན་པ་རེད། ཡུམ་ཆེན་མཆོག་འདི་ལོའི་ལོ་འགོ་ནས་སྐུ་ཁམས་བདེ་བོ་མེད་པར་སྨན་ཁང་འདྲ་མིན་ལ་བསྟེན་ཡོད་པ་དང་། ད་ཐེངས་གློ་བུར་སྐུ་གཤེགས་པ་ཡིན་འདུག།
ཡུམ་ཆེན་བསོད་ནམས་སྒྲོལ་མ་མཆོག་གིས། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པའི་དབུ་གནས་བཞེས་ཡོད་འདུག་ལ། སྤྱི་ལོ་ ༡༩༣༨ ལོའི་ཟླ་དང་པོའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་བིས་མདོ་ཡུལ་གྱི་ངོ་མཚར་གྲོང་ཚོ་ཞེས་པར། ཡབ་ཆེན་གུར་མགོན་ཚེ་བརྟན་དང་ཡུམ་ཆེན་བསོད་ནམས་སྒྲོལ་མ་གཉིས་གྱི་སྲས་སུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སྐུ་འཁྲུངས།
གནས་ཚུལ་འདི་བཞིན་སྐབས་ཐོག་རྒྱ་ནག་གཞུང་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནང་ཐོན་མེད་ཀྱང་ཕྱི་ནང་དྲ་བའི་ཐོག་མྱ་ངན་དང་སྐྱོ་ཚུལ་སྟོན་མཁན་མང་པོ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎