ཤིན་ཅང་དུ་ཁ་ཆེའི་ལྷ་ཁང་བསྐྱར་དུ་སྒོ་ཕྱེས་སྐོར།

ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་དྲག་ཆས་ཉེན་རྟོག་པའི་དམ་བསྒྲགས་ཆེན་པོའི་འོག་ཁ་ཆེའི་ལྷ་ཁང་ཁག་བསྐྱར་དུ་སྒོ་མོ་ཕྱེས་པ།

2009.07.17

༄༅༎རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་དྲག་ཆས་ཉེན་རྟོག་པའི་དམ་བསྒྲགས་ཆེན་པོའི་འོག་ཁ་ཆེའི་ལྷ་ཁང་ཁག་བསྐྱར་དུ་སྒོ་མོ་ཕྱེས་ཡོད་པ་རེད།

ད་རེས་གཟའ་པ་སངས་ཉིན་དྲག་ཆས་ཉེན་རྟོག་པའི་དམ་བསྒྲགས་ཆེན་པོའི་འོག་ཁ་ཆེའི་ལྷ་ཁང་སྒོ་མོ་ཕྱེས་ནས་ཆོས་དད་པ་ཚོ་ལྷ་ཁང་ནང་ཕྱག་འཚལ་དུ་བསྐྱོད་ཡོད་ཅིང་གཟའ་པ་སངས་ཉིན་མོ་དེར་ཁ་ཆེའི་ཆོས་དད་པ་ཚོ་ལྷ་ཁང་ནང་ཕྱག་འཚལ་དུ་བསྐྱོད་སྲོལ་ཡོད་པ་དང་ཡིན་ནའི་གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་ཤིན་ཅང་ས་གནས་ནང་གི་ཁ་ཆེའི་ལྷ་ཁང་ཆེ་ཁག་ཚང་མ་གཞུང་ཕྱོགས་ནས་སྒོ་རྒྱབ་ཏེ་ཆོས་དད་པ་ཚོར་ཕྱག་ཚལ་དུ་བསྐྱོད་ཐབས་མེད་པར་བརྟེན་ནས་ཕྲན་བུའི་ཟང་ཟིང་ཡང་བྱུང་ཡོད་ཅིང་གཟའ་འཁོར་འདིའི་གཟའ་པ་སངས་ཉིན་ཤིན་ཅང་ས་གནས་ནང་ཡོད་པའི་ཁ་ཆེའི་ལྷ་ཁང་༤༣༣ཡོད་པ་ཡོངས་རྫོགས་སྒོ་ཕྱེས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་འདུག དེ་དང་ཕྱོགས་མཚུངས་ཤིན་ཅང་ནང་གི་གནས་སྟངས་ཡང་རྒྱུན་ལྡན་ཅན་དུ་གྱུར་ནས་ཚོང་ཁང་དང་ལས་ཁུངས་སོགས་ཡོངས་རྫོགས་སྒོ་ཕྱེས་ཡོད་ལུགས་འཁོད་ཡོད་ཅིང་ཡིན་ན་ཡང་ཤིན་ཅང་ས་གནས་ནང་ཨིན་དྲའི་དྲ་རྒྱ་དང་ཁ་པར་གྱི་ཐོག་ནས་ད་དུང་ཡང་ཕྱི་ཕྱོགས་དང་འབྲེལ་གཏུགས་བྱེད་ཐུབ་ཀྱི་མེད་པ་རེད། ཤིན་ཅང་ས་གནས་ནང་གཟའ་པ་སངས་ཉིན་ཆོས་དད་པ་ཚོར་ལྷ་ཁང་ཁག་སྒོ་ཕྱེས་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བཅུག་ཡོད་ན་ཡང་དེ་དག་དམ་བསྒྲགས་ཆེན་པོའི་འོག་སྤེལ་དགོས་པ་མ་ཟད་དུས་ཡུན་ཡང་ནམ་རྒྱུན་ལས་ཚོུད་ཕྱེད་ཀས་ཐུང་བ་ཡོད་ཅིང་ལྷ་ཁང་ནང་ཕྱག་འཚལ་དུ་བསྐྱོད་མཁན་ཚོས་ལྷ་ཁང་ནང་འཛུལ་བར་སྒོ་འགྲམ་དུ་ཉེན་རྟོག་པར་རང་ཉིད་ངོ་རྟགས་ཆོད་པའི་ལག་འཁྱེར་བཏོན་ནས་མ་གཏོགས་ནང་དུ་གཏོང་གི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎