ཨ་རིའི་རིག་མཛོད་འཕྲུལ་རྩལ་ལ་བསྔགས་བརྗོད།


2015.09.28
རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དི་མཆོག་དང་ངོ་དེབ་ཀྱི་སྤྱི་ཁྱབ་འགན་འཛིན་མརྐ་མཆོག་དང་གླེང་མོལ་ཞུས་པ།
རྒྱ་གར་སྲིད་བློན་གྱི་དྲ་ཚིགས།

༄༅།    །རྒྱ་གར་གྱི་སྲིད་བློན་ན་རན་དཱ་ར་མོ་དཱི་མཆོག་གིས་ཨ་མ་རི་ཁའི་ཁེ་ལེ་ཕྷོ་ནི་ཡའི་རིག་མཛོད་འཕྲུལ་ཆས་བཟོ་ཚོང་བསྟི་གནས་ཁང་ཡོད་སའི་གྲོང་ཁྱེར་དེའི་ཚོགས་ཁང་ནང་རིག་མཛོད་འཕྲུལ་ཆས་ཀྱི་དྲྭ་འཕྲིན་འཕྲུལ་ཐབས་ལག་རྩལ་གྱི་མི་སྣ་མང་པོ་འདུ་འཛོམས་ཀྱི་སར་ཆེད་ཕེབས་གནང་ཡོད་པ་དང་།  རྒྱ་གར་གྱི་སྲིད་བློན་མཆོག་གིས་སྤྱི་ཚོགས་ཀྱི་ནང་གློག་འཕྲིན་རིག་མཛོད་འཕྲུལ་རྩལ་གྱི་གཞི་ཡུལ་ཡར་རྒྱས་འགྲོ་བཞིན་པར་བསྔགས་བརྗོད་དང་།   དེ་བཞིན་དེང་དུས་འཕྲུལ་རིགས་ལག་རྩལ་དེ་ཚོས་སྤྱི་ཚོགས་ལ་ཞབས་འདེགས་དང་ལེགས་བྱའི་འགྱུར་བ་མང་པོ་གཏོང་ཐུབ་པའི་གོ་སྐབས་དང་བསྟུན་རྒྱ་གར་ནང་དུའང་བེུད་ཚོའི་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུ་དང་བེུད་མང་པོ་ཡུལ་གྱི་དབུ་ཁྲིད་བྱེད་ཐུབ་པ་བཟོ་རྒྱུ་སོགས་ཀྱི་དམིགས་ཡུལ་འཛིན་གྱི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།
ལྷག་དོན་དུ་Facebook and Twitter སོགས་ཀྱི་གནས་འཕྲིན་དྲྭ་འཕྲིན་གྱི་མཐུན་རྐྱེན་དེ་ཚོས་དེ་སྔོན་གཞུང་དམངས་སྤྱི་ཚོགས་ཀྱི་ཁྲོད་དུ་ལས་དོན་སྤེལ་དུས་དུས་ཚོད་ལོ་ལྔ་འགོར་རྒྱུ་དེ་ད་ཆ་སྐར་མ་ལྔ་ལ་གྲུབ་ཚར་གྱི་ཡོད་པ་སོགས་ཀྱི་དགེ་མཚན་དུ་མ་ཡོད་པའི་སྐོར་སོགས་གསུངས་ཡོད་པ་རེད།
ཨ་མི་རི་ཁའི་Silicon Valley ཞེས་པའི་ཁེ་ལེ་ཕྷོ་ནི་ཡའི་རིག་མཛོད་འཕྲུལ་གསར་བཟོ་རྩལ་བསྟི་གནས་ཁང་ཡོད་སའི་ས་གནས་San Jose Sports Arena ཞེས་པའི་སར་ཨ་མི་རི་ཁའི་ནང་རིག་མཛོད་འཕྲིན་ཆས་བཟོ་རྩལ་ལས་མི་སོགས་མི་གྲངས་༡༨༠༠༠ཙམ་འདུ་འཛོམས་ཀྱི་སར་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་ལ་དགའ་བསུ་དང་གསུང་གླེང་ཡང་གནང་ཡོད་པ་དང་།  དེ་བཞིན་དེ་ཁུལ་དུ་འབྲེལ་ཡོད་རིག་མཛོད་འཕྲིན་ཆས་བཟོ་རྩལ་ལས་ཁང་མང་པོ་དང་འབྲེལ་མོལ་གནང་སྟེ་རྒྱ་གར་ནང་ལེགས་བྱ་ལེན་ཐབས་གནང་ཡོད་པ་རེད།

གསར་འགོད་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎