རྒྱ་གཞུང་གིས་ལིའུ་ཤའོ་པོ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་འབད་བརྩོན་གནང་མཁན་རྒྱ་རིཊ་་ལིའུ་ཤའོ་པོ་ལ་ལོ་བཅུ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ།

2009.12.25

༄༅༎ད་རེས་རྒྱ་ནག་གཞུང་གིས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་ཏུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐད་འབད་བརྩོན་གནང་མཁན་རྒྱ་རིགས་ལིའུ་ཤའོ་པོ་ལ་ཉེས་ཆད་བཙོན་འཇུག་ལོ་ཚད་བཅུ་གཅིག་བཏང་བའི་ཐག་གཅོད་དེར།རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱས་ཡོད་པ་རེད།

གང་ཡིན་ཟེར་ན་ལིའུ་ཤའོ་པོ་ཡི་དོན་རྐྱེན་དེའི་ཐད་འཛམ་གླིང་ས་ཕྱོགས་གང་ས་ནས་ཁོང་གུ་ཡངས་གློད་འགྲོལ་ཡོང་བའི་ཆེད་དུ།རྒྱ་ནག་གཞུང་ལ་རེ་སྐུལ་ཞུས་ཀྱང་དེར་ཉན་འཇོག་མེད་པའི་ཁར་བཙོན་བཅུག་ལོ་ཚད་ཧ་ཅང་མང་བའི་སྐོར་དང་དེའང་སྟོན་པ་ཡེ་ཤུའི་འཁྲུངས་ཚེས་ཁེ་སི་མི་སིའི་ཉིན་ཐག་གཅོད་བྱས་པའི་གནད་དོན་དེ་ཚོར་ཨ་མི་རི་ཁས་ཀྱང་།རྒྱ་ནག་གཞུང་གིས་ཡུལ་མིར་ཆབ་སྲིད་ཀྱི་དོན་རྐྱེན་བཟོས་ནས་ཉེས་ཆད་བཏང་བའི་གནད་དོན་ཐད་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཆབ་སྲིད་ནག་ཉེས་གཡོགས་ཏེ་བཙོན་འཇུག་བཏང་བའི་གནས་ཚུལ་དེ་འདྲ་མང་པོ་ཡོད་པ་དང་།དེ་སྔོན་སྤྱི་ལོ་ཕྱི་ལོ་ཉིས་སྟོང་བདུན་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བདུན་གྱི་ཉིན།རྒྱ་རིགས་ཧུ་ཇའ་དང་དེ་བཞིན་སྤྱི་ལོ་ཉིས་སྟོང་དྲུག་ལོའི་ཡེ་ཤུའི་འཁྲུངས་སྐར་སྐབས་དེར།རྒྱ་རིགས་གའོ་ཀྲེ་ཧྲེང་སོགས་བཙོན་འཇུག་ཀྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཕྱོགས་འདྲ་བ་བྱུང་ཡོད་པའི་གནས་ཚུལ་ལ་སྐྱོན་འཛུགས་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎