འཇམ་དཔལ་རྒྱ་མཚོ་ལགས་སུ་གསང་བའི་ངང་ཁྲིམས་ཐག་བཅད་འདུག


2016.08.01
མདོ་སྨད་རྔ་བ་རྫོང་མཁར་ནས་དགེ་འདུན་པ་འཇམ་དཔལ་རྒྱ་མཚོས་བོད་དོན་སྐད་འབོད་གནང་བཞིན་པ། ༢༠༡༥།༩།༩ མདོ་སྨད་རྔ་བ་རྫོང་མཁར་ནས་དགེ་འདུན་པ་འཇམ་དཔལ་རྒྱ་མཚོས་བོད་དོན་སྐད་འབོད་གནང་བཞིན་པ། ༢༠༡༥།༩།༩
བོད་འབྱོར།

བོད་དོན་ཞི་རྒོལ་བ་འཇམ་དཔལ་རྒྱ་མཚོ་ལགས་སུ་རྒྱ་ནག་གིས་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། སྤྱི་ལོ་༢༠༡༥་ལོར་རྔ་བའི་ཁྲོམ་གཞུང་དུ་བོད་དོན་སྐད་འབོད་བྱེད་མཁན་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་སུ། རྒྱ་ནག་གིས་གསང་བའི་ངང་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟ་མདོ་སྨད་རྔ་བ་ནས་རྒྱང་ཐག་སྤྱི་ལེ་༣༥༠་ཙམ་གྱི་སར་ཡོད་པའི་མོན་ཤན་ཞེས་བའི་བཙོན་ཁང་དུ་ཡོད་པ་རེད་འདུག
ཁོང་གི་ནང་མི་ཉེ་འབྲེལ་རྣམས་ཀྱིས་ཟླ་བ་འདིའི་ཚེས་༡་ཉིན་གནས་ཚུལ་ཤེས་རྟོགས་བྱུང་དོན་ནང་། དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱི་ནང་མི་རྣམས་ལ་སྔོན་བརྡ་གང་ཡང་མེད་པར་གསང་བའི་ངང་ནས་ལོ་ངོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་པ་གཞི་ལས་ཤེས་རྟོགས་བྱུང་འདུག།
ཁོང་གིས་སྤྱི་ལོ་༢༠༡༥་ལོའི་སྤྱི་ཟླ་༩པའི་ཚེས་༩་ལྷག་དཀར་ཉིན་གྱི་ས་གནས་ཀྱི་ཆུ་ཚོད་༡༢ཙམ་ལ། ལག་གཉིས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་མཐོན་པོར་བཏེགས་བཞིན། རྔ་པ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་དང་ཁྲོམ་སྐོར་གནང་ཡོད་པ་དང་། རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་བཙན་གྱིས་འཛིན་བཟུང་བྱས་ཡོད་འདུག་ལ་སྐབས་དེར་རྫོང་ཐོག་གི་བོད་མི་མང་པོས་ཀི་སྒྲ་སྒྲོག་བཞིན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད།
ཡང་བོད་མི་གཞན་ཞིག་གིས། དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་འཇུ་བཟུང་རྗེས་ས་གནས་སུ་དམ་དྲག་དང་། རྒྱ་ནག་གི་ཉེན་རྟོག་པ་ཀི་རྟི་དགོན་པའི་དུས་འཁོར་འདུ་ཁང་གི་གཡོན་ཕྱོགས་ཀྱི་ ཁོང་གི་གྲྭ་ཤག་ལ་ཡོང་ནས་སྔོག་བཤེར་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་།
དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་ནི་མདོ་སྨད་རྔ་བ་རྨེ་རུ་མ་རུ་ཆེན་གསུམ་པའི་མི་དང་། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎