མདོ་སྨད་འཇང་དགུན་ཆོས་ཆེན་མོའི་སྐབས་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་དུ་བཅུག


2020.10.13
མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་དྲུག་པ། ༡༠།༡༢།༢༠༢༠ མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་དྲུག་པ། ༡༠།༡༢།༢༠༢༠
བོད་འབྱོར།

ད་ལོའི་མདོ་སྨད་འཇང་དགུན་ཆོས་ཆེན་མོ་དེ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་དུ་བཅུག་ནས་རེབ་གོང་རོང་བོ་དགོན་ཆེན་ནས་འཚོགས་བཞིན་ཡོད་འདུག
ཕྱི་ཟླ་༡༠་པའི་ཚེས་༡༡་ནས་བཟུང་སྟེ་བོད་ནང་གི་རེབ་གོང་རོང་བོའི་དགོན་ཆེན་དུ། ཉིན་བཅུའི་རིང་ལ་མདོ་སྨད་འཇང་དགུན་ཆོས་འཚོགས་བཞིན་ཡོད་འདུག་ལ། འབྲེལ་ཡོད་ཀྱི་གནས་ཚུལ་ལྟར་ན། ལོ་འདིར་འཚོགས་པའི་འཇང་དགུན་ཆོས་ཆེན་མོའི་གནས་ཚུལ་གང་ཡང་ཕྱི་ཕྱོགས་སུ་བསྒྲགས་མི་ཆོག་པ་མ་ཟད། མི་སྒེར་གྱི་སྐད་འཕྲིན་སོགས་ཀྱི་རྒྱབ་ལྗོངས་སུ་ཡང་བཀོད་མི་ཆོག་པའི་དམ་དྲག་བྱེད་ཀྱིན་ཡོད་འདུག་ལ། ཚོད་དཔག་བྱས་པ་ཡིན་ན། ཕལ་ཆེར་དགོན་སྡེ་ཁག་འདྲ་མིན་ནས་ཡོང་བའི་དགེ་འདུན་པ་ཞལ་གྲངས་༢༠༠༠ཙམ་འཛོམས་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
གནས་ཚུལ་དེའི་སྐོར་ལ་ད་ལྟ་ཨོ་སི་ཀྲི་ལེ་ཡར་བཞུགས་པའི་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་གསུང་ན། དགོན་སྡེ་ཁག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་པ་སོགས་ཞི་ཅིང་ཕེན་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྐོར་བཤད་ཀྱིན་པ་དེ་ནི། གཞི་རྩའི་ཆ་ནས་དམར་ཤོག་ཚོགས་པའི་འགོ་ཁྲིད་སྔོན་མ་དག་ནས་བོད་ཀྱི་ཆོས་དང་རིག་གཞུང་མེད་པར་བཟོ་བའི་སྲིད་ཇུས་རྙིང་པ་དེ་མུ་མཐུད་དུ་རྒྱུན་འཁྱོངས་དང་ཇེ་དམ་དུ་གཏོང་བཞིན་པའི་སྲིད་ཇུས་ཤིག་ཡིན་པ་ལས་སྲིད་ཇུས་གསར་པ་གང་ཡང་མིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
མདོ་སྨད་འཇང་དགུན་ཆོས་ཆེན་མོ་གསར་འཛུགས་གནང་མཁན་གཙོ་གྲས་སམ་ད་ལྟ་ཨ་རིར་བཞུགས་པའི་ཤིང་བཟའ་རིན་པོ་ཆེ་མཆོག་གིས་མདོ་སྨད་འཇང་དགུན་ཆོས་ཆེན་མོ་གསར་འཛུགས་གནང་བའི་སྐོར་ནས་གསུངས་དོན། སྤྱིར་འཇང་དགུན་ཆོས་འདི་མདོ་སྨད་ཁུལ་དུ་དར་སྲོལ་བྱུང་མེད་མོད། སྤྱི་ལོ་༡༩༩༤ལོར། མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་དུ། ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དབུ་བཞུགས་ཀྱིས་གསར་བཙུགས་གནང་ནས། མདོ་སྨད་རྭ་རྒྱ་དགོན་ཆེན་དུ་ཐོག་མར་འཇང་དགུན་ཆོས་ཆེན་མོ་འཚོགས་པའི་སྲོལ་བཙུགས་པ་ཞིག་ཡིན་འདུག་ལ། ཐེངས་འདི་ནི་མདོ་སྨད་འཇང་དགུན་ཆོས་ཆེན་པོ་ཐེངས་ཉེར་དྲུག་པ་དེ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎