༸གོང་ས་མཆོག་ནས་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་འཕྲོ་སྐྱོང་བཀྲིན་སྩལ་བ།


2020.01.04
༸གོང་ས་མཆོག་ནས་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་འཕྲོ་སྐྱོང་བཀྲིན་སྩལ་བ། ༸གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སྐབས། ༢༠༢༠།༡།༤
དགའ་ལྡན་ཕོ་བྲང་།

དེ་རིང་ཕྱི་ཚེས་༤ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་རྭ་བར་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་འཕྲོ་སྐྱོང་ཉིན་དང་པོའི་ཐོག་ལམ་སྟོན་བཀའ་སློབ་གནང་སྐབས། ད་རེས་ཡུལ་ལུང་མང་པོའི་ནང་དྲ་རྒྱའི་བརྒྱུད་གསུང་ཆོས་ལ་དོན་སྣང་བྱེད་ནས་ཉན་མཁན་མང་པོ་ཡོད་དུས།          བླ་མའི་ངོས་ནས་ཕན་སེམས་ཀྱི་འདུན་པའི་ཤུགས་དང་།          ཉན་པ་པོ་ཚོས་འདུན་པ་དང་དད་པ་རྩེ་གཅིག་པའི་ཐོག་ཉན་པ་ཡིན་ན།          དབང་དང་སྦྱིན་བརླབས་ཐོབ་ཀྱི་རེད་ཅེས་༸གོང་ས་མཆོག་ནས་བཀའ་བསྩལ་ཡོད་པ་རེད།

༸གོང་ས་མཆོག་གིས་ཕྱི་ཚེས་ ༤ ནས་ ༦ བར་དུ་དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་པ་དང་བསྟུན་ཆོ་འཕྲུལ་སྨོན་ལམ་འཚོགས་གནང་རྒྱུ་ཡིན་འདུག  འཇམ་དབྱངས་ཆོས་སྐོར་ཞེས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་ནས་གསུངས་པའི་ཆོས་སྐོར་དེ་གྲས་ཕྱོགས་གཅིག་ཏུ་བསྡུས་པའི་ཆོས་ཚན་ཞིག་ལ་འཇམ་དབྱངས་ཆོས་སྐོར་ཞེས་ཞུ་ཡི་ཡོད་ཅིང་།  རྗེ་བཙུན་འཇམ་དཔལ་དབྱངས་དང་འབྲེལ་བ་ཡོད་པའི་ཆོས་ཚན་ཕྱོགས་གཅིག་ཏུ་བསྡུས་པ་དབང་དང་རྗེས་གནང་ཞེས་ཆོས་ཚན་༡༠ནས་༡༡ཙམ་ཡོད་པ་རེད།  འཇམ་དབྱངས་ཆོས་སྐོར་ཞུས་ནས་ཉམས་སུ་བླངས་པ་ཡིན་ན།          ཤེས་རབ་གོང་དུ་འཕེལ་རྒྱུའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎