ཐེ་ཝན་ནང་ལྷག་དཀར་སྲུང་བརྩི་ཞུས་གནང་ཡོད་པ།


2017.10.29
ཐེ་ཝན་ནང་ལྷག་དཀར་སྲུང་བརྩི་ཞུས་གནང་ཡོད་པ། ཐེ་ཝན་གྱི་རྒྱལ་ས་ཐའེ་པེའི་ནང་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་ལྷག་དཀར་སྲུང་བརྩི་ཞུས་གནང་འདུག
བོད་མིའི་སྒྲིད་འཛུགས།

༄༅༎ཐེ་ཝན་གྱི་རྒྱལ་ས་ཐའེ་པེའི་ནང་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ནས་གོ་སྒྲིག་འོག་ལྷག་དཀར་སྲུང་བརྩི་ཞུས་གནང་ཡོད་པ་རེད།
གོང་ཞུས་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་གནང་བའི་ཐོག་ཐེ་ཝན་དུ་ཟླ་བ་འདིའི་ནང་ལྷ་དཀར་སྲུང་བརྩི་ཞུས་གནང་བའི་སྐབས་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་སྐོར་གསུང་བཤད་གནང་བའི་ནང་བོད་ཀྱི་དཔལ་ཡོན་ནི་བོད་ཡིག་ཐོག་བརྟེན་ཡོད་པ་རེད། གལ་ཏེ་བོད་ཡིག་མེད་པ་ཆགས་ན་བོད་ཀྱི་དཔལ་ཡོན་ཡང་རང་བཞིན་གྱིས་མེད་པ་ཆགས་རྒྱུ་རེད་ལ་བོད་ཡིག་དེ་ཕན་ཚུན་སྐད་ཆ་གོ་བརྡ་སྤྲོད་ཆེད་ཙམ་དུ་ངོས་འཛིན་བྱས་པ་ཡིན་ན་ནོར་འཁྲུལ་ཡིན་པ་རེད།  ང་ཚོས་དུས་རྟག་ཏུ་བོད་ཡིག་སྲུང་སྐྱོབ་བྱེད་དགོས་རེད་ཅེས་ཞུ་བཞིན་པའི་རྒྱུ་མཚན་ནི་བོད་ཀྱི་སྐད་ཡིག་ནང་གནས་པའི་བོད་ཀྱི་ཆོས་དང་རིག་གཞུང་། དཔལ་ནཱ་ལེན་ཌ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དེ་འཛམ་གླིང་ཐོག་ད་ཆ་བོད་གཅིག་པུ་མ་གཏོགས་མེད་པ་དེ་འགྲོ་བ་མིའི་རིག་གཞུང་གི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་པ་དེ་སྲུང་སྐྱོབ་བྱེད་ཀྱི་ཡོད། གལ་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ཆ་ཚང་བརླག་ཕྱིན་པ་དང་། བོད་ཀྱི་སྐད་ཡིག་དེ་སྤྱིར་བཏང་གི་སྐད་ཡིག་དང་གཅིག་མཚུངས་ཆགས་པ་ཡིན་ན།བོད་ཀྱི་སྐད་ཡིག་དེར་དམིགས་བསལ་གྱི་རིན་ཐང་གང་ཡང་མེད་པ་ཆགས་ཀྱི་ཡོད་པ་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།  དེ་བཞིན་ཡང་དུས་སྟོན་དེིའི་སྐབས་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་You Mei Nu ནུའི་དྲུང་ཡིག་Liu Ying chun འམ་བོད་པའི་མཚན་ལ་ཤེས་རབ་བཟང་མོ་ཞུ་བས་རང་ཉིད་ངོས་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ཡིག་སྦྱང་བརྩོན་གནང་བའི་སྒེར་གྱི་ཉམས་མྱོང་སྐོར་དང་ བོད་ཡིག་སྦྱོང་བརྡར་བྱེད་པའི་ཐབས་ལམ་དང་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་ཡོད་པ་རེད། དེ་ག་ནང་བཞིན་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་རྒྱུན་ལས་Lin Hsinyi  གིས་སྤྱིར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འཐབ་རྩོད་སྐོར་དང་། ཡང་སྒོས་སུ་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་བདག་དབང་ཆེད་ཞུ་གཏུག་གནང་མཁན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་གྱི་བོད་མི་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་སྐོར་ངོ་སྤྲོད་གནང་ཡོད་པ་རེད། སྐབས་དེར་ལྷག་དཀར་སྲུང་བརྩིའི་ལས་རིམ་ནང་གསུང་བཤད་གནང་མཁན་ཐེ་ཝན་མི་རིགས་ཡིན་པ་གྲངས་སུམ་ཅུ་ལྷག་མཉམ་ཞུགས་གནང་ཡོད་པ་དང་། གསུང་བཤད་ལས་རིམ་གྲུབ་པའི་རྗེས་རིམ་བཞིན་སྤྱིར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་འཛིན་བཟུང་བྱེད་བཞིན་པའི་གནད་དོན་དང་། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གནད་དོན་སྐོར་སོགས་བཅའ་འདྲིའི་ལས་རིམ་གོ་སྒྲིག་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎