ལྷ་ས་རུ་ལྷ་བབས་དུས་ཆེན་སྐབས་རྒྱ་ནག་གཞུང་གིས་དམག་མིས་ལྟ་རྟོགས།


2018.10.31
ལྷ་ས་རུ་ལྷ་བབས་དུས་ཆེན་སྐབས་རྒྱ་ནག་གཞུང་གིས་དམག་མིས་ལྟ་རྟོགས།  ལྷ་བབས་དུས་ཆེན།
Photo: RFA

འདི་ལོའི་ལྷ་བབས་དུས་ཆེན་གྱི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་པོ་ཏྭ་ལ། དེ་བཞིན་སེར་འབྲས་དགའ་གསུམ་སོགས་སུ་བོད་མི་ཚོས་མཆོད་འབུལ་སྨོན་ལམ་རྒྱ་ཆེ་སྒྲུབ་གནང་བཞིན་ཡོད་པའི་སྐོར་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཁོང་གིས་གསུང་ན། ལྷ་བབས་དུས་ཆེན་ཉིན་ལྷ་ལྡན་གཙུག་ལག་ཁང་སོགས་སུ་མཆོད་འབུལ་གནང་མཁན་རྒྱུན་ལྡན་ལས་མང་པ་ཡོད་པ་དང་། དེ་བཞིན་སློང་མོ་བ་ཡང་ཇེ་མང་དུ་སོང་ཡོད་པ་ལྟར་བོད་མི་ཚོས་སྒོར་མོ་དང་ཟས་ཀྱི་སྦྱིན་གཏོང་རྒྱ་ཆེ་གནང་ཡོད་པ་དང་། དེ་བཞིན་དད་ལྡན་མཆོད་མཇལ་བ་མང་པོའི་ཁྲོད་དུ་རྒྱ་ནག་གཞུང་གིས་ཆེད་མངགས་དམག་མི།  དམག་ཆས་གྱོན་ཡོད་མེད་གཉིས་ཀས་མི་མང་གི་ཁྲོད་དང་།  འདུ་ཁང་གཡས་གཡོན་སོགས་སུ་བཀྲམས་ནས་ལྟ་རྟོགས་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་དང་། དམིགས་བསལ་གཙུག་ལག་ཁང་དུ་མཆོད་མཇལ་བ་རྣམས་ལ་དོ་ནན་མོ་བྱེད་བཞིན་ཡོད་པ་སོགས་བརྗོད་འདུག

དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཡོད་པའི་སེར་འབྲས་དགའ་གཙོས་དགོན་སྡེ་ཁག་ཏུ་ལྷ་བབས་དུས་ཆེན་སྲུང་བརྩི་གནང་ཡོད་པ་དང་། ཡང་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་ནང་ཡོད་པའི་མཆོད་རྟེན་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་དགོན་སོགས་སུ་ནམ་རྒྱུན་ལས་སྐོར་བ་བྱེད་མཁན་མང་པོ་ཡོད་པ་རེད་འདུག

དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎