ཨ་རིའི་བདེ་སྲུང་དྲུང་ཆེའི་གཞུང་དོན་བསྐོར་བསྐྱོད་སྐོར།

ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་ལི་ཡོན་པ་ནེ་ཊ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་གཞུང་དོན་སྐོར་བསྐྱོད་དུ་ཕེབས་བཞིན་ཡོད་འདུག

2012.05.31

༄༅༎ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་ལི་ཡོན་པ་ནེ་ཊ་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་གཞུང་དོན་སྐོར་བསྐྱོད་དུ་ཕེབས་བཞིན་པའི་སྐབས་ རྒྱ་ནག་གཞུང་གིས་ ཁུལ་དེའི་ནང་རྒྱ་ནག་གི་ཁེ་ཕན་དང་འབྲེལ་བའི་ལས་དོན་ལ་ཨ་རི་གཞུང་གིས་བརྩི་བཀུར་ཞུས་དགོས་པའི་སྐོར་འབོད་སྐུལ་བྱས་བཞག་༎

ཨ་རིའི་བདེ་སྲུང་དྲུང་ཆེ་ལི་ཡོན་པ་ནེ་ཊ་མཆོག་དེང་སང་ལྦེཏ་ནམ་དང་སིང་ག་པཱོར་ རྒྱ་གར་བཅས་ཞི་བདེ་རྒྱ་མཚོའི་ཡུལ་ཁག་ཏུ་གཞུང་དོན་སྐོར་བསྐྱོད་དུ་ཕེབས་ཡོད་པ་རེད་ ཕྱི་སྲིད་དྲུང་ཆེ་མཆོག་གིས་ གཞུང་དོན་སྐོར་བསྐྱོད་ཀྱི་ལས་འཆར་འདི་བཞིན་ སྔ་ལོ་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནས་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡུལ་ཁག་དང་ཨ་རིའི་དབར་འཐབ་ཇུས་ཀྱི་ཐོག་ནས་འབྲེལ་ལམ་ཉེ་བོ་བཟུང་རྒྱུའི་སྲིད་ཇུས་ལག་བསྟར་གནང་རྒྱུའི་ཆ་ཤས་ཤིག་ཡིན་པ་རེད་ ཨ་རིའི་སྲིད་འཛིན་མཆོག་ནས་སྲིད་ཇུས་འདི་གསལ་བསྒྲགས་གནང་སྐབས་ ཁུལ་དེའི་ནང་རྒྱ་ནག་གི་སྟོབས་ཤུགས་ལ་འགྲན་རྩོད་ཀྱི་བློ་དོགས་བཟོས་ཡོད་པ་མ་ཟད་ ད་རེས་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་ནས་ ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆེད་ཕེབས་གནང་རྒྱུའི་དུས་ཚོད་འདི་ཡང་ དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་བདག་དབང་ཐོག་ རྒྱ་ནག་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་མང་པོའི་དབར་འཁྲུག་རྩོད་ཆེན་པོ་བྱུང་བཞིན་པའི་དུས་ཚོད་དང་སྟབས་བསྟུན་ཆགས་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འཆར་ཅན་་་གསར་འགོད་ལྷན་ཚོགས་སྐབས་  ཕེརས་སི་གསར་ལས་ཁང་གི་གསར་འགོད་པས་ ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ ཞི་བདེ་རྒྱ་མཚོའི་ཡུལ་ཁག་ནང་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པའི་གནད་དོན་ཐད་ རྒྱ་ནག་གཞུང་གིས་ཚོར་སྣང་འདྲི་རྩད་བྱས་པར་ རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ལྦེ་མིན་གྱིས་ ཨ་རི་དང་རྒྱ་ནག་གཉིས་ཕྱོགས་ནས་ ཞི་བདེ་རྒྱ་མཚོའི་ཁུལ་དུ་བཟང་ཕྱོགས་དང་ཕན་རླབས་ལྡན་པའི་ལས་དོན་མཉམ་སྦྲེལ་བྱ་རྒྱུའི་རེ་བ་དང་ ཆབས་ཅིག་ ཁུལ་དེའི་ནང་རྒྱ་ནག་གི་ཁེ་ཕན་དང་ དེ་བཞིན་རྒྱ་ནག་གཞུང་གི་བློ་འཚབ་ཆེ་བའི་གནད་དོན་རིགས་ལ་ ཨ་རི་གཞུང་གིས་བརྩི་བཀུར་དང་ལེན་ཡོང་བའི་རེ་འདུན་བྱེད་བཞིན་ཡོད་ཅེས་ རྒྱ་ནག་གི་ཁེ་ཕན་ལ་འགོག་རྐྱེན་བཟོ་རྒྱུ་མེད་་པའི་སྐོར་གསལ་བརྡ་བཏང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎