སྐུ་འབུམ་དགོན་པ་དཔལ་འབྱོར་བསྡུ་རུབ་བྱེད་ཡུལ་ལ་བསྒྱུར་མི་ཆོག


2017.07.13
སྐུ་འབུམ་དགོན་པའི་སྙན་ཞུ། སྐུ་འབུམ་དགོན་པའི་སྙན་ཞུ།
བོད་འབྱོར།

མདོ་སྨད་སྐུ་འབུམ་བྱམས་པ་གླིང་དེ་དཔལ་འབྱོར་བསྡུ་རུབ་བྱེད་ཡུལ་ཞིག་ཏུ་བསྒྱུར་ན་མི་འགྲིག་ཅེས་སྐུ་འབུམ་དགོན་པའི་བླ་སྤྲུལ་ལས་སྣེ་དང་གྲྭ་དམངས་ཡོངས་ཀྱིས་ས་གནས་གཞུང་ལ་རེ་སྐུལ་གྱི་སྙན་ཞུ་ཕུལ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་༧་པའི་ཚེས་ ༡༠ ་ཉིན་སྐུ་འབུམ་དགོན་པའི་དགེ་འདུན་པ་ཁག་ཅིག་གིས། ས་གནས་རྒྱ་ནག་གཞུང་གིས་ཚོང་པ་དང་ལག་འབྲེལ་བྱས་ཏེ་སྐུ་འབུམ་དགོན་པ་འདི་དཔལ་འབྱོར་བསྡུ་རུབ་བྱེད་ཡུལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དེར་མོས་མཐུན་མེད་སྐོར་གསུངས་ཡོད་ཅིང་། དགེ་འདུན་པ་དེ་དག་དང་ས་གནས་རྒྱ་ནག་གཞུང་གི་ལས་བྱེད་པའི་བར་གདོང་ཐུག་ཁ་རྩོད་ཡང་བྱུང་ཡོད་པ་རེད།
གནས་ཚུལ་རྒྱུས་ལོན་བྱུང་བ་གཞིར་བཟུང་ན། ཕྱི་ཟླ་༧ པའི་ཚེས་ ༡༠ ་ཉིན་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱི་ཉེ་སར་ཆགས་པའི་སྐུ་འབུམ་དགོན་པར་འགྲོ་སའི་གཞུང་ལམ་སྟེང་རླངས་འཁོར་འགོག་སའི་ས་ཚིཊ་བཙུགས་སྟེ་དགོན་པའི་ཕྱོགས་སུ་འགྲོ་མཁན་རླངས་འཁོར་མང་པོ་བཀག་སྟེ་རླངས་འཁོར་རེ་རེར་རྒྱ་སྒོར་༢༠་རེ་ལེན་འགོ་བཙུགས་ཡོད་སྟབས། དགོན་པར་གནས་མཇལ་དང་ལྟ་སྐོར་དུ་འགྲོ་མཁན་ཚོར་དུས་ཚོད་དལ་འགོར་སོཊ་ཀྱི་དཀའ་ངལ་བྱུང་ཡོད་པ་བོད་ནས་འདི་གར་འགྲེལ་བརྗོད་བྱས་ཡོད།
དེའི་ཕྱི་ཉིན་སྟེ་ཕྱི་ཚེས་ ༡༡་ཉིན་སྐུ་འབུམ་དགོན་པའི་ལས་སྣེ་དང་གྲྭ་དམངས་ཡོངས་ནས། ས་གནས་ཧོའང་ཀྲུང་རྫོང་སྲིད་གཞུང་ལ་ལོ་རྒྱུས་རང་བཞིན་ལྡན་པའི་སྐུ་འབུམ་དགོན་པ་འདི་དཔལ་འབྱོར་མཁོ་སྒྲུབ་བྱ་ཡུལ་ཞིག་ཏུ་བསྒྱུར་མི་རུང་ཞེས་དོན་ཚན་དགུ་ཅན་གྱི་ཞུ་སྙན་ཞིག་ཕུལ་ཡོད་པ་དང་། སྙན་ཞུ་དེའི་ནང་དོན་གཙོ་བོར་ ཆོས་དད་ཀྱི་འགན་ལེན་དང་། དགོན་པའི་གྲྭ་ཚང་ཚོང་ལས་གཉེར་ཡུལ་ཞིག་ཏུ་བསྒྱུར་བ་ནི་རྒྱལ་ཁབ་འདིའི་མི་མང་གི་ངོ་ཚ་ཞིག་དང་། ཡིད་སྐྱོ་བ། བློ་ཕམ་སྐྱེ་ཡུལ་ཞིག་རེད། ༢༠༡༢་ལོར་རྒྱལ་ཁབ་ཆོས་ལུགས་ལས་ཁུངས་དང་། རྒྱལ་ཁབ་ཡར་རྒྱས་དང་བཅོས་བསྒྱུར་ལས་ཁུངས་སོཊ་ལས་ཁུངས་༡༠ཡིས་བཀག་སྡོམ་གྱི་ཡིག་ཆ་བཀྲམ་ཡོད་ཅིང་། གནས་སྟངས་དེ་ཕྱི་ནང་ཀུན་གྱིས་འཕྱ་དམོད་བྱེད་ཡུལ་དུ་གྱུར་ཡོད།
ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ལྡན་པའི་སྐུ་འབུམ་དགོན་པ་འདི་ནི་བོད་རྒྱུད་ནང་བསྟན་གྱི་གནས་མཆོག རྗེ་ཙོང་ཁ་བ་ཆེན་པོ་སྐུ་བལྟམས་ཡུལ། རྒྱལ་ཁབ་ཕྱི་ནང་གི་དད་ལྡན་པ་ཚོས་གནས་མཇལ་ཞུ་ཡུལ་ཞིག་ཡིན་པས། སྐུ་འབུམ་དགོན་པའི་གྲྭ་དམངས་དང་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་མི་མང་གིས། ཆོས་དད་ཁྲོད་དངུལ་ལོར་གྱིས་འབག་བཙོག་བཟོ་རྒྱུར་མོས་མཐུན་བྱེད་ངེས་མིན། དེ་བས་ང་ཚོས་གནས་ཚུལ་དེར་མཐའ་གཅིག་ཏུ་འགོག་རྒོལ་བྱ་རྒྱུ་ཡིན། སྐུ་འབུམ་དགོན་པའི་བླ་སྤྲུལ་དང་གྲྭ་དམངས་རྣམས་ཚོང་པ་དང་འགོ་ཁྲིད་ངན་འབྲེལ་ཀྱི་ལག་ཆ་ལྟ་བུ་བྱེད་འདོད་མེད་ཅེས་དང་། ཡང་སྙན་ཞུ་ཡི་གེ་དེའི་ནང་སྐུ་འབུམ་དགོན་པ་དང་རྩ་ཆེའི་ནང་བསྟན་དག་ནི་བོད་ཀྱི་ས་ཁུལ་ཁག་གི་དད་ལྡན་མང་ཚོཊ་དང་། དེ་བཞིན་སོག་རིགས་དང་རྒྱ་རིཊ་སོཊ་དད་ལྡན་པ་རྣམས་ཀྱི་འབུལ་བ་ལས་གྲུབ་པ་ཞིག་ཡིན་པས། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ནང་ཆོས་དད་ལྡན་པ་རྣམས་སྣང་མེད་བསྐྱུར་འཇོག་གིས་ལོགས་སུ་བཀར་འདོད་མེད་ཅེས་སོཊ་ཀྱང་སྙན་ཞུ་དེའི་ནང་བཀོད་འདུག
གནས་ཚུལ་རྒྱུས་ལོན་བྱུང་བར། སྐུ་འབུམ་དགོན་པའི་མཐའ་སྐོར་དུ་མགྱོཊ་ལམ་བཟོ་བསྐྲུན་བྱེད་འཆར་ལ། དགོན་པའི་ལས་སྣེ་སོཊ་ཀྱིས་ལས་འཆར་དེས་དད་ལྡན་པ་རྣམས་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུའི་རང་དབང་མེད་པར་བཏང་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
སྐུ་འབུམ་དགོན་པ་ནི་སྤྱི་ལོ་ ༡༧༥༠ ལོར་རྗེ་ཙོང་ཁ་ཆེན་པོས་ཕྱག་བཏབ་པའི་བཤད་སྒྲུབ་ཀྱི་ལྟེ་གནས་གལ་ཆེ་ཞིག་ཡིན་པ་རེད།

གསར་འགོད་པ་རྡོ་རྗེ་མཚོ་དང་། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎